| | e-texts navigator
|
186a1 བརྒྱ་ཀུན་བསྐྱོད་པ།། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན།། དེ་ཉིད་དྲན་པ་ཆེན་པོ་འཆང་།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ།། བྱང་ཆུབ་ཡན་ལག་མེ་ཏོག་སྤོས།། དེ་བཞིན་གཤེགས་པའི་ཡོན་ཏན
186a2 མཚོ།། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག། ཡང་དག་སངས་རྒྱས་ལམ་རིག་པ།། སེམས་ཅན་ཀུན་ལ་ཤས་ཆེར་ཆགས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། སེམས་ཅན་ཀུན
186a3 གྱི་ཡིད་ལྟར་མགྱོགས།། སེམས་ཅན་ཀུན་གྱི་དབང་དོན་ཤེས།། སེམས་ཅན་ཀུན་ཡི་ཡིད་འཕྲོག་པ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས།། རྣམ་དག་ཕུང་པོ་ལྔ་འཆང་བ།། ངེས་འབྱུང་ཀུན་གྱི་མཐའ་ལ་གནས།། ངེས་པར
186a4 འབྱུང་བ་ཀུན་ལ་མཁས།། ངེས་འབྱུང་ཀུན་གྱི་ལམ་ལ་གནས།། ངེས་པར་འབྱུང་བ་ཀུན་སྟོན་པ།། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་།། བདེན་བཞིའི་ཚུལ་གྱི་རྣམ་པ
186a5 ཅན།། ཤེས་པ་བརྒྱད་པོ་རྟོགས་པ་འཆང་།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པར་སངས་རྒྱས་ཀུན་རིག་མཆོག། སངས་རྒྱས་ཀུན་གྱི་སྤྲུལ་པའི
186a6 སྐུ།། བྱེ་བ་དཔག་མེད་འགྱེད་པ་པོ།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས།། སེམས་ཀྱི་སྐད་ཅིག་དོན་ཀུན་རིག། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བའི་དོན་ལ་རྟོགས་པ་པོ།། ཐེག་པ་གསུམ་གྱིས་ངེས
iiif viewer powered by OpenSeadragon
185b - 186b