e-texts navigator
Collection
Volume
Page
Wylie

185b1 པ།། ཡེ་ཤེས་མེ་ལྕེ་འོད་རབ་གསལ།། འདོད་པའི་དོན་གྲུབ་དམ་པ་སྟེ།། ངན་སོང་ཐམས་ཅད་རྣམ་སྦྱོང་བ།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད།། ཉོན་མོངས་གཡུལ་དུ
185b2 གཅིག་དཔའ་བ།། མི་ཤེས་དགྲ་ཡི་དྲེགས་པ་འཇོམས།། བློ་ལྡན་སྒེག་འཆང་དཔལ་དང་ལྡན།། བརྟན་པོ་མི་སྡུག་གཟུགས་འཆང་བ།། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་།། གོམ་པའི་སྟབས་ཀྱིས་གར་བྱེད་པ།། དཔལ
185b3 ལྡན་ལག་པ་བརྒྱས་གང་ལ།། ནམ་མཁའ་ཁྱབ་པར་གར་བྱེད་པ།། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་།། ཚངས་པའི་ཡུལ་ས་རྩེ་ནས
185b4 གནོན།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་ནི་འཇིགས་པ་མེད།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། སེམས་དང་རྣམ་ཤེས་རྒྱུད་དང་ལྡན།། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ
185b5 ཉིད་དགའ་འདོད་ཆགས་བློ།། སྲིད་པའི་འདོད་ཆགས་སོགས་སྤངས་པ།། སྲིད་གསུམ་དགའ་བ་ཆེན་པོ་སྟེ།། སྤྲིན་དཀར་དག་པ་བཞིན་དུ་དཀར།། འོད་བཟང་སྟོན་ཀའི་ཟླ་བའི་འོད།། ཉི་མ་འཆར་ཀའི་དཀྱིལ་ལྟར
185b6 མཛེས།། སེན་མོའི་འོད་ནི་ཤས་ཆེར་དམར།། ཅོད་པན་བཟང་པོ་མཐོན་ཀའི་རྩེ།། སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་།། ནོར་བུ་ཆེན་པོ་འོད་ཆགས་དཔལ།། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན།། འཇིག་རྟེན་ཁམས




iiif viewer powered by OpenSeadragon

185a - 186a

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa