e-texts navigator
Collection
Volume
Page
Wylie

185a1 ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། རྒྱལ
185a2 པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་།། ཆེ་བ་སངས་རྒྱས་རིག་སྔགས་འཆང་།། རྡོ་རྗེ་རྣོན་པོ་རལ་གྲི་ཆེ།། ཡི་གེ་མཆོག་སྟེ་རྣམ་པར་དག། ཐེག་པ་ཆེན་པོར་སྡུག་བསྔལ་གཅོད།། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས།། རྡོ་རྗེ་ཟབ་མོ
185a3 ཛིན་ཛིཀ། རྡོ་རྗེ་བློ་གྲོས་དོན་བཞིན་རིགས།། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ་ཤེས་ཟླ་འོད་བཟང་།། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ
185a4 སྟེ།། རྒྱུད་ཀུན་གྱི་ནི་བདག་པོ་མཆོག། རྡོ་རྗེ་གདན་ནི་མ་ལུས་ལྡན།། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། ས་ཡི་སྙིང་པོ་འགྲོ་བ་འཛིན།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ།། སྤྲུལ་པའི
185a5 འཁོར་ལོ་སྣ་ཚོགས་འཆང་།། དངོས་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན།། སྐྱེ་མེད་ཆོས་དེ་སྣ་ཚོགས་དོན།། ཆོས་ཀུན་ངོ་བོ་ཉིད་འཆང་བ།། ཤེས་རབ་ཆེན་པོས་སྐད་ཅིག་ལ།། ཆོས
185a6 ཀུན་ཁོང་དུ་ཆུད་པ་འཆང་།། ཆོས་ཀུན་མངོན་པར་རྟོགས་པ་སྟེ།། ཐུབ་པ་བློ་མཆོག་འབྱུང་བའི་མཐའ།། མི་གཡོ་རབ་ཏུ་དང་བའི་བདག། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་།། སངས་རྒྱས་ཀུན་གྱི་མངོན་སུམ




iiif viewer powered by OpenSeadragon

184b - 185b

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa