e-texts navigator
Collection
Volume
Page
Wylie

183b1 པ།། སྲིད་པའི་དྲ་བ་འཇོམས་པ་པོ།། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། ཡེ་ཤེས་དབང་བསྐུར་ཅོད་པ་ཎ་ཅན།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག
183b2 བསྔལ་ཞི།། གསུམ་སེལ་མཐའ་ལས་གྲོལ་གསུམ་ཐོབ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། ཉོན་མོངས་དྲི་མ་ཀུན་ལས་འདས།། དུས་གསུམ་དུས་མེད་རྟོགས་པ་པོ།། སེམས
183b3 ཅན་ཀུན་གྱི་ཀླུ་ཆེན་པོ།། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད།། ཉོན་མོངས་ཀུན་ལས་རྣམ་གྲོལ་བ།། ནམ་མཁའི་ལམ་ལ་རབ་གནས་པ།། ཡིད་བཞིན་ནོར་བུ་ཆེན་པོ་འཆང་།། ཁྱབ་བདག་རིན་ཆེན་ཀུན་གྱི
183b4 མཆོག། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ།། བུམ་པ་བཟང་པོ་ཆེ་བའི་མཆོག། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་གཤིན་པ།། བཟང་ངན་ཤེས་ཤིང་དུས་ཤེས་ལ།། ཁྱབ་བདག་དམ
183b5 ཤེས་དམ་ཚིག་ལྡན།། དུས་ཤེས་སེམས་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས
183b6 པ། གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་མོ་ཆེན་པོ་སྟེ།། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།། མཆོག་ཏུ་དགའ་བ་གྲགས་པ་དག་དཔལ།། མཆོག་ལྡན




iiif viewer powered by OpenSeadragon

183a - 184a

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa