e-texts navigator
Collection
Volume
Page
Wylie

183a1 ལྡན།། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ།། གད་རྒྱངས་ཧ་ཧ་ངེས་པར་སྒྲོགས།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པ།། ནམ་མཁའི་མཐའ
183a2 ཀླས་སྒྲ་སྒྲོགས་པ།། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག། ཡང་དག་བདག་མེད་དེ་བཞིན་ཉིད།། ཡང་དག་མཐའ་སྟེ་ཡི་གེ་མེད།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ།། ཆོས་ཀྱི་དུང་སྟེ་སྒྲ་ཆེན
183a3 ལྡན།། ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ།། མི་གནས་མྱ་ངན་འདས་པ་པོ།། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།། གཟུགས་མེད་གཟུགས་བཟང་དམ་པ་སྟེ།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད
183a4 སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་བ་པོ།། ཚུགས་པ་མེད་ཅིང་ཆེ་བར་གྲགས།། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ།། འཕགས་ལམ་ཤིན་ཏུ་མཐོ་ལ་གནས།། དར་བ་ཆེན་པོ་ཆོས་ཀྱི་ཏོག། འཇིག
183a5 རྟེན་གསུམ་ན་གཞོན་ལུས་གཅིག། གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས།། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ།། འཇིག་རྟེན་སློབ
183a6 དཔོན་འཇིགས་པ་མེད།། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ།། སྐྱབས་དང་སྐྱོབ་པ་བླ་ན་མེད།། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ།། མ་རིག་སྒོ་ངའི་སྦུབས་འབྱེད




iiif viewer powered by OpenSeadragon

182b - 183b

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa