| | e-texts navigator
|
182b1 པ།། ཐེག་པ་མཆོག་གསུམ་སྟོན་པ་པོ།། དོན་ཡོད་ཞགས་པ་རྣམ་པར་རྒྱལ།། འཛིན་པ་ཆེན་པོ་རྡོ་རྗེ་ཞགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། ཁྲོ་བོའི་རྒྱལ་པོ་གདོང་དྲུག
182b2 འཇིགས།། མིག་དྲུག་ལག་དྲུག་སྟོབས་དང་ལྡན།། ཀེང་རུས་མཆེ་བ་གཙིགས་པ་པོ།། ཧ་ལ་ཧ་ལ་གདོང་བརྒྱ་པ།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ།། རྡོ་རྗེ་གྲགས་པ་རྡོ་རྗེ
182b3 སྙིང་།། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ།། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག། རྡོ་རྗེའི་སྙིང་པོ་མཁའ་འདྲ་བ།། མི་གཡོ་རལ་པ་གཅིག་གིས་བསྒྱིངས།། གླང་ཆེན་ཀོ་རློན་གོས་སུ་གྱོན།། གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ།། ཧཱི
182b4 ཧི་ཞེས་སྒྲོགས་འཇིགས་པར་བྱེད།། གད་མོ་ཆེན་པོ་གད་རྒྱངས་ཅན།། རྡོ་རྗེ་གད་མོ་ཆེར་སྒྲོགས་པ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ།། རྡོ་རྗེ་དྲག་པོ་དགའ་བ་ཆེ།། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས
182b5 སྒྲོགས།། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ།། རྡོ་རྗེ་རལ་གྲིས་མ་ལུས་གཅོད།། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།། རྡོ་རྗེ་གཅིག་པུ་གཡུལ་སེལ་བ།། རྡོ་རྗེ་འབར་བ་མིག་མི་བཟང་།། སྒྲ་ཡང་རྡོ་རྗེ་འབར་བ་སྟེ།། རྡོ་རྗེ
182b6 འབེབས་པ་འབེབས་པ་ཆེ།། མིག་བརྒྱ་པ་སྟེ་རྡོ་རྗེའི་མིག། ལུས་ནི་རྡོ་རྗེའི་བ་སྒྲ་ཅན།། རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས།། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ།། རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས།། རྡོ་རྗེ་ཕྲེང་ཐོགས་དཔལ་དང
iiif viewer powered by OpenSeadragon
182a - 183a