e-texts navigator
Collection
Volume
Page
Wylie

182a1 འབྱུང་གནས་ཆེ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཚོགས་གཉིས་ཚོགས་ནི་བསགས་པ་པོ།། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག། སོ་སོ་རང་རིག་མི་གཡོ
182a2 བ།། མཆོག་གི་དང་པོ་སྐུ་གསུམ་འཆང་།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་ལྔ་བདག་ཅོད་པཎ་ཅན།། སྤྱན་ལྔ་ཆགས་པ་མེད་པ་འཆང་།། སངས་རྒྱས་ཐམས་ཅད
182a3 སྐྱེད་པ་པོ།། སངས་རྒྱས་སྲས་པོ་དམ་པའི་མཆོག། ཤེས་པས་སྲིད་འབྱུང་སྐྱེ་གནས་མེད།། ཆོས་ལས་འབྱུང་བ་སྲིད་པ་སེལ།། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག། སྐྱེས་མ་ཐག་ཏུ་འགྲོ་བའི་བདག། ནམ་མཁའ
182a4 ལས་བྱུང་རང་བྱུང་བ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྣང་བ་ལམ་མེ་བ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། གཟི་བརྗིད་ཆེན་པོ་འོད་གསལ་བ།། སྔགས་མཆོག་མངའ
182a5 བདག་རིག་སྔགས་རྒྱལ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། སངས་རྒྱས་ཀུན་བདག་དངོས་པོ་མཆོག། འགྲོ་ཀུན་དགའ་བའི་མིག
182a6 དང་ལྡན།། སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ།། མཆོད་ཅིང་རྗེད་པ་དྲང་སྲོང་ཆེ།། རིགས་གསུམ་འཆང་བ་གསང་སྔགས་ཅན།། དམ་ཚིག་ཆེན་པོ་གསང་སྔགས་འཛིན།། གཙོ་བོ་དཀོན་མཆོག་གསུམ་འཛིན།




iiif viewer powered by OpenSeadragon

181b - 182b

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa