e-texts navigator
Collection
Volume
Page
Wylie

181a1 རི་བོ་ཆེན་པོ་འཇོམས།། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་།། དྲག་པོ་ཆེན་པོ་དྲག་ཤུལ་ཆེ།། འཇིགས་ཆེན་འཇིགས་པར་བྱེད་པ་པོ།། མགོན་པོ་རིག་མཆོག་ཆེན་པོ་སྟེ།། བླ་མ་གསང་སྔགས་ཆེ་བའི
181a2 མཆོག། ཐེག་པ་ཆེན་པོའི་ཚུལ་ལ་གནས།། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན།། གསང་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཆེན
181a3 བདག་ཉིད་ཅན།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས།། ཕ་རོལ་ཕྱིན་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་གནས་པ་པོ།། ཤེས
181a4 བཅུ་རྣམ་དག་བདག་ཉིད་ཅན།། ཤེས་བཅུ་རྣམ་དག་འཆང་བ་པོ།། རྣམ་པ་བཅུ་པོ་དོན་བཅུའི་དོན།། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། ཀུན་གྱི་དོན་ནི་མ་ལུས་བྱེད།། རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཐོག་མ
181a5 མེད་པ་སྤྲོས་མེད་བདག། དེ་བཞིན་ཉིད་བདག་དག་པའི་བདག། བདེན་པར་སྨྲ་ཞིང་ཚིག་མི་འགྱུར།། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། གཉིས་སུ་མེད་དང་གཉིས་མེད་སྟོན།། ཡང་དག་མཐའ་ལ་རྣམ་པར
181a6 གནས།། བདག་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས་རི་དྭགས་ངན་འཇིགས་བྱེད།། ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས།། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས།། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ།། འཁོར




iiif viewer powered by OpenSeadragon

180b - 181b

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa