e-texts navigator
Collection
Volume
Page
Wylie

180b1 དགྲ་ཆེ་བ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། འདོད་པ
180b2 ཆེན་པོ་བདེ་བ་ཆེ།། དགའ་བ་ཆེན་པོ་མགུ་བ་ཆེ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ།། ཁ་དོག་ཆེ་ཞིང་ལུས་བོངས་ཆེ།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། ཤེས་རབ་མཚོན་ཆེན་འཆང་བ
180b3 སྟེ།། ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ།། སྣང་བ་ཆེན་པོ་གསལ་བ་ཆེ།། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་།། སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ།། སྒྱུ་འཕྲུལ་ཆེན་པོའི་དགའ
180b4 བས་དགའ།། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན།། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག། བཟོད་ཆེན་འཆང་བ་བརྟན་པ་པོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན།། བསམ
180b5 གཏན་ཆེན་པོ་ཏིང་འཛིན་གནས།། ཤེས་རབ་ཆེན་པོའི་ལུས་འཆང་བ།། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ།། བྱམས་ཆེན་རང་བཞིན་དཔག་ཏུ་མེད།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག། ཤེས
180b6 རབ་ཆེན་པོ་བློ་ཆེན་ལྡན།། མཁས་པ་ཆེན་པོ་ཐབས་ཆེ་བ།། རྫུ་འཕྲུལ་ཆེན་པ་སྟོབས་དང་ལྡན།། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།། སྟོབས་ཆེན་ཕ་རོལ་གནོན་པ་པོ།། སྲིད་པའི




iiif viewer powered by OpenSeadragon

180a - 181a

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa