e-texts navigator
Collection
Volume
Page
Wylie

179b1 འཆང་།། དཔག་མེད་རྣམས་ཀྱིས་དགའ་བཞིན་དུ།། གླུར་བླངས་གང་ལགས་བཤད་དུ་གསོལ།། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི།། གསང་འཛིན་ཅི་ནས་བདག་འགྱུར་ཕྱིར།། ངེས་པར་འབྱུང་གི་བར་དུ
179b2 ནི།། བདག་གི་བསམ་པ་བརྟན་པོས་གཟུང་།། ཉོན་མོངས་མ་ལུས་བསལ་བ་དང་།། མི་ཤེས་མ་ལུས་སྤང་བའི་ཕྱིར།། བསམ་པའི་ཁྱད་པར་ཇི་བཞིན་དུ།། སེམས་ཅན་རྣམས་ལ་བཤད་པར་འཚལ།། གསང་དབང
179b3 ལག་ན་རྡོ་རྗེ་ཡིས།། དེ་བཞིན་གཤེགས་ལ་དེ་སྐད་དུ།། གསོལ་ནས་ཐལ་མོ་སྦྱར་བྱས་ཏེ།། ལུས་བཏུད་ནས་ནི་སྤྱན་སྔར་འདུག། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། ཉིད་ཀྱི
179b4 ཞལ་ནས་ལྗགས་བཟང་བ།། རིང་ཞིང་ཡངས་པ་བརྐྱང་མཛད་དེ།། འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་།། བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ།། སེམས་ཅན་རྣམས་ཀྱི་ངན་སོང་གསུམ།། སྦྱོང་བར་བྱེད་པའི
179b5 འཛུམ་བསྟན་ནས།། ཚངས་པའི་གསུང་ནི་སྙན་པ་ཡིས།། འཇིག་རྟེན་གསུམ་པོ་ཀུན་བཀང་ནས།། ལག་ན་རྡོ་རྗེ་སྟོབས་པོ་ཆེ།། གསང་དབང་ལ་ནི་སླར་གསུངས་པ།། སྙིང་རྗེ་ཆེ་དང་ལྡན་གྱུར་པས།། འགྲོ་ལ་ཕན
179b6 པའི་དོན་དུ་ཁྱོད།། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།། མིང་བརྗོད་པ་ནི་དོན་ཆེ་བ།། དག་པར་བྱེད་ཅིང་སྡིག་སེལ་བ།། ང་ལས་ཉན་པར་བརྩོན་པ་ནི།། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་།། ལག་ན་རྡོ་རྗེ་ཁྱོད




iiif viewer powered by OpenSeadragon

179a - 180a

Texts on this page

Gpb012.013 - 'phags pa 'jam dpal gyi mtshan yang dag par brjod pa