| | e-texts navigator
|
179a1 པའི་བསམ་པ་ཅན།། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས།། རྫོགས་སངས
179a2 རྒྱས་ལ་ཕྱག་འཚལ་ནས།། ཐལ་མོ་སྦྱར་བ་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།། ཁྱབ་བདག་བདག་ལ་སྨན་པ་དང་།། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས
179a3 པའི།། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད།། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་།། མི་ཤེས་འདམ་དུ་བྱིང་བ་ཡི།། སེམས་ཅན་ཀུན་ལ་སྨན་པ་དང་།། བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར།། རྫོགས་པའི་སངས
179a4 རྒྱས་བཅོམ་ལྡན་འདས།། འགྲོ་བའི་བླ་མ་སྟོན་པ་པོ།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་མཆོག་གིས།། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། གཙུག་ཏོར་ཆེན་པོ་ཚིག་གི་བདག། ཡེ་ཤེས་སྐུ
179a5 སྟེ་རང་བྱུང་བ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། མིང་ནི་ཡང་དག་བརྗོད་པའི་མཆོག། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།། དོན་ཆེན་མཚུངས་མེད་རབ་ཞི་བ།། ཐོག་མ་བར་དང་མཐར་དགེ་བ།། འདས་པའི
179a6 སངས་རྒྱས་རྣམས་ཀྱིས་གསུངས།། མ་འོངས་རྣམས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། ཡང་དང་ཡང་དུ་གསུང་བ་གང་།། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས།། རྡོ་རྗེ་འཆང་ཆེན་གསང་སྔགས
iiif viewer powered by OpenSeadragon
178b - 179b