e-texts navigator
Collection
Volume
Page
Wylie

167a1 པ་འདི་བརྗོད་དོ།། མ་མ་ཎརྡོ་རྗེ་སྤང་བའི་ཡན་ལག་ན།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྒྲ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའ་དཀྱིལ་མཐར་ཅིད།། སརྦ་ཛྙཱན་ད
167a2 མཱ་ལ་ཀི།། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་རྣམ་པར་དག། ཐམས་ཅད་མ་ལུས་ཆོས་སོ་ཅོག། སངས་རྒྱས་ཉིད་ལས་གཞན་མ་ཡིན།། སངས་རྒྱས་ཉིད
167a3 ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་མེད་ཀུན
167a4 ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། མེ་མ་ཧོ་གྲོགས་བཅུ་སྟོང་ཁམས་ལེ་ནས་དབེན།། སྲིད་པ་གསུམ་ནི་དག་པའི་ཞིང་།། སྔགས་མ་ལྔ་ཉིད་བདེ་ལྡན་གནས།། ཟང་པོ་ལྔ
167a5 ཅིད་མངོན་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་བས།། གཞན་དུ་རྒྱལ་བའི་ཆོས་མི་བཙལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཡང་རྒྱལ་བས་མི་བརྙེས་སོ།། ཞེས་བརྗོད་པས་ཐམས་ཅད་ཡེ་ནས
167a6 སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ།། ཨེ་མཧོང་མཐར་ཟད་ཀྱི




iiif viewer powered by OpenSeadragon

166b - 167b

Texts on this page

Gpb012.012 - gsang ba'i snying po de kho na nyid nges pa / sgyu 'phrul brgyad pa zhes bya ba'i rgyud