| | e-texts navigator
|
154a1 ལས་སུ་རུང་རྣམས་ཀྱིས།། ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་།། གསལ་ལ་ཡིད་གཉིས་མེད་པ་ན།། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར།། ཞེས་བརྗོད་པས། མཉེས་པའི་མཆོད་པ་ཆེན་པོས
154a2 འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ
154a3 ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ།། བླ་མེད་ཐེག་པར་རབ་ངེས་ན།། ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་།། བྱས་ལ་མི་སོགས་ཚོགས་འགྱུར
154a4 ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་།། ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་ཀུན་འདས་རྣམ་པར་དག། ཡོད་མེད་དབུ་མ་མི
154a5 དམིགས་ཤིང་།། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་ཀྱང་གཅད་དུ་མེད།། སྲོག་དང་སྐྱེས་བུ་ལོག་རྟོག་ཙམ།། བདེན་པ་གཉིས་ཀ་དབྱེར་མེད་པས།། འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན།། གཞན་དང་མ
154a6 བྱིན་མེད་པའི་ཕྱིར།། བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས།། ཆོས་རྣམས་སྒྱུ་མ་ལྟ་བུ་ལ།། མིང་དང་ཚིག་ཏུ་བཏགས་པ་རྫུན།། རྫུན་ཉིད་ལ་ནི་བརྫུན་སྤྱོད་པ།། རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན།། མ་ཆགས་པ
iiif viewer powered by OpenSeadragon
153b - 154b