e-texts navigator
Collection
Volume
Page
Wylie

142b1 འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ།། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད།། སློབ་དཔོན་མཉེས་པར་མ་བྱས
142b2 ཤིང་།། དབང་རྣམས་ཐོབ་པར་མ་བྱས་པར།། ཉན་པ་ལ་སོགས་རྩོམ་པ་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དབུ་རྒྱན་ཅོད་པན་ཕྲེང་བ་དང་། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ
142b3 བཟའ་བཏུང་དང་། སྙིང་པོ་ལྔ་ཡིས་དབང་བསྐུར་ན།། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས།། ངན་སོང་ཐམས་ཅད་མེད་པ་དང་།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། མཐོ་རིས་ཐར་བའི་བདག་པོར་འགྱུར།། ཞེས
142b4 བརྗོད་དོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན
142b5 ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།། བྱིན་གྱིས་བརླབས་དང་མངོན་སུམ་པར།། རབ་ཏུ་རྟོག་པ་རྣམ་བཞི་ཡིས།། ཐམས་ཅད་མངོན་རྫོགས་རྒྱལ་པོ
142b6 ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན།། རྣམ་སྨིན་ཨོཾ་དུ་ཤེས་པར་བྱ།། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ།། ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ།། གཟུགས་སྒྲ་དྲི་རོ་རེག་ལ་སོགས།། རྣམ་སྨིན་མཱཾ་དུ་ཤེས




iiif viewer powered by OpenSeadragon

142a - 143a

Texts on this page

Gpb012.011 - gsang ba'i snying po de kho na nyid nges pa