e-texts navigator
Collection
Volume
Page
Wylie

141a1 ཀུན་ནས་གཤེགས་པ་ཡི།། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས།། ཉེ་བར་གྱུར་པའི་དམ་ཚིག་མཆོག། དཔག་བསམ་ཤིང་དང་ཡིད་བཞིན་གྱི།། རིན་པོ་ཆེ་དང་འབྱུང་བ་ཀུན།། དེ་དག་རྫས་ཡོད
141a2 མ་ཡིན་ཏེ། རང་སེམས་བསོད་ནམས་བརྟན་པ་ཡིན།། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས།། གཞན་ན་ཡོད་འོངས་མ་ཡིན་ཏེ།། ཐབས་ལ་བརྟེན་པའི་ཤེས་རབ་ཉིད།། དེ་ལྟ་བུ་ཡི་ངང་དུ་འབྱུང་།། ཤེས་རབ་དབྱིངས་ཀྱི
141a3 དེ་བཞིན་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག། རྒྱལ་བ་སྔོན་བྱུང་སྐྱོབ་པ་དང་།། བྱིན་རླབས་སྟོན་པའང་དེ་བཞིན་ཏེ། བྱ་བྱེད་ནུས་པའི་གཟི
141a4 བྱིན་གྱིས།། སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན།། སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མ་ཉམས་འཇུག་ལ་རབ་བརྩོན་ན།། ཞག་ནི་སུམ་ཅུ་ཕྲག་དྲུག
141a5 གམ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། དབང་སྦྱར་རིགས་ཀྱི་དམ་པ་འགྲུབ།། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།། ཡེ་ཤེས་ཐིག་ལེ་ཉིད་སྣང
141a6 བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། ཞིང་ཁམས་རྣམ་དག་བསམ་ཡས་དང་། རྒྱ་དང་བྲལ་བའི་གཞལ་ཡས་ཁང་།། འཁོར་ལོའི་རྒྱན་དང་རོལ་མོའི




iiif viewer powered by OpenSeadragon

140b - 141b

Texts on this page

Gpb012.011 - gsang ba'i snying po de kho na nyid nges pa