e-texts navigator
Collection
Volume
Page
Wylie

139b1 ཡིས།། ཇི་ལྟར་འདོད་པའི་ལས་བཞིན་མཆོད།། དབྱིབས་དང་ཁ་དོག་མཚན་ལྡན་པར།། ཞལ་དུ་གྱུར་པའི་མེ་བུས་ལ།། བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས།། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན།། ཁྲོ་བོའི
139b2 དཀྱིལ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས།། བསམ་ཡས་དག་ལའང་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་དུའོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས།། ཕྱོགས
139b3 བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་འཇམ་རེག་ན་བདེ་བ་ཡི།། སྣ་ཚོགས་རིན་པོ་ཆེ་ཡི་གཞི།། མཛེས་པར་བྲིས་ཤིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོར་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག
139b4 བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔག་བསམ་ལྗོན་པའི་ཚལ།། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ།། བླ་བྲེ་རྒྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་དོ།། བཟའ་དང་བཏུང
139b5 བའི་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པ་ཡི།། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས།། བྲོ་གར་ལ་སོགས་བསམ་ཡས་ཀྱིས།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར
139b6 དབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམ་གྱིས་ཡང་ན་ཅིག་ཅར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ།། གསལ་ལྡན་མའམ་བྱིན་བརླབས་ལ།། སྟོང་གསུམ




iiif viewer powered by OpenSeadragon

139a - 140a

Texts on this page

Gpb012.011 - gsang ba'i snying po de kho na nyid nges pa