e-texts navigator
Collection
Volume
Page
Wylie

134b1 བརྒྱན།། སེང་གེ་གླང་ཆེན་རྟ་དང་ཁྱུང་།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཉི་ཟླ་པདྨ་རིན་པོ་ཆེ།། གདན་ལ་རྫོགས་དང་སེམས་དཔའི་ཚུལ།། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་།། གཡས་ནས་མཐོང་ཐོས་སྣོམ་པ
134b2 དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲུ་ཆད་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས།། བཙུན་མོའི་ཚོགས་དང་བཅས་པར་གནས།། བར་ཁྱམས་ལ་ནི་ཐུབ་དྲུག་དང་།། མདུན་དང
134b3 རྒྱབ་ཏུ་བྱེད་པ་དང་།། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོམས་པ་ནི།། བཙུན་མོའི་ཚོགས་དང་ལྡན་པར་གནས།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་འབར།། ཨུཏྤལ་ཀླུ་ཤིང་ལ
134b4 སོགས་མཚན།། མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།། མཐིང་ག་དཀར་པོ་སེར་ལེ་བརྒན།། ལྗང་གུ་ལ་སོགས་སྣ་ཚོགས་པའི།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན།། གསལ་འཚེར་ལྷུན་སྡུག་གཟི་བྱིན
134b5 ལྡན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བས་འཁྲིགས་པ་སྟེ།། མཐའ་དབུས་མེད་པར་ཁྱབ་པ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི།། དེ་བཞིན་དབྱིངས
134b6 ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་གདུལ་བའི་ཕྱིར།། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ།། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད།།




iiif viewer powered by OpenSeadragon

134a - 135a

Texts on this page

Gpb012.011 - gsang ba'i snying po de kho na nyid nges pa