| | e-texts navigator
|
131b1 བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ
131b2 གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བ
131b3 འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨཿརབ་ཏུ་བརྟན་གྱུར་ཨ་དཀར་ལས།། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།། ཕྱོགས་བཅུ་གང་བར་གསལ་གྱུར་ནས།། བསྡུས་ཀྱང་འཕེལ་འགྲིབ་མེད་པར
131b4 བརྟན།། དེ་ལས་མིང་ཚོགས་གསལ་འབར་ཀུན།། སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ
131b5 ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵཿི་ཨཱི། ཨུ་ཨཱུ། ཨེ་ཨཻ།། ཨོ་ཨོ། འདི་དག་ཕྱུང་བས།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། རྣམ་པ་དྲུག་ཏུ་གཡོས།། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས།
131b6 ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ།། ཧོ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི། དབུ་མའང་དམིགས་སུ་ཡོད་མ་ཡིན།། ཐམས་ཅད
iiif viewer powered by OpenSeadragon
131a - 132a