| | e-texts navigator
|
131a1 ཕྱིར།། བྱུང་ནས་མྱ་ངན་འདའ་བར་སྟོན།། འདུལ་བ་མདོ་སྡེ་ཆོས་མངོན་དང་།། དམ་ཚིག་སྒྲུབ་དང་གྲུབ་པ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ།། གསང་བའི
131a2 སྙིང་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། འབྱུང་གནས་གཏན་ལ་ངེས་པར་འབེབས།། ཆོས་རྣམས་མིང་དུ་བཏགས་པ་ཙམ།། སྟོན་པས་དོན་དང་མཐུན་ཕྱོགས
131a3 སུ།། མིང་དང་ཚིག་ཏུ་བཏགས་ནས་བསྟན།། སྟོན་མིང་ཚིག་ལ་དངོས་པོ་མེད།། ཅེས་བརྗོད་དོ།། དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད། སྐུ་དང་གསུང
131a4 དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ།། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོགས་ལས་འཕྲོས།། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས
131a5 པ། ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད།། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས།། དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར།། ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས།། གཞན
131a6 ན་མེད་དེ་དེ་ཉིད་དེ་ལྟར་ཡིན།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཞེས་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ
iiif viewer powered by OpenSeadragon
130b - 131b