| | e-texts navigator
|
129b1 པར་སྨིན་པ་ལ། ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང
129b2 ལོངས་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིར་སོ་སོར་འཛིན།། སུས་ཀྱང་མ་བཅིངས་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིས།། ནན
129b3 གྱིས་མཁའ་ལ་མདུད་པ་འདོར།། བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས།། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད།། ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ
129b4 ཆེད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད
129b5 ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི། རིག་པའི་སྐྱེས་བུ་ཐུབ་པ་དྲུག། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ།། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣརེལ་གཞི
129b6 དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། བལྟམས
iiif viewer powered by OpenSeadragon
129a - 130a