| | e-texts navigator
|
111b1 ཡུམ་བཞུགས།། འབར་བའི་བར་ཁྱམས་དང་པོ་ལ།། དབང་ཕྱུག་ཆེན་མོ་བརྒྱད་རྣམས་བཞུགས། འབར་བའི་བར་ཁྱམས་གཉིས་པ་ལ།། ཕྲ་མན་ཁྲོ་ཚོགས་སྤྲུལ་པར་བཅས།། སྒོ་བཞིར་སྒོ་བ་བཞི་རྣམས
111b2 བཞུགས།། ཕྱི་ཁྱམས་ལྕགས་རི་ཆེན་པོ་ལ།། དབང་ཕྱུག་རྒྱ་མཚོ་འཁོར་ཚོགས་དགོད།། དེ་ནས་ལས་ཀྱི་སྐལ་བདེ་རུ།། གཤིན་རྗེ་འདུག་པའི་ཕྱོགས་ཆེན་དུ།། དཀྱིལ་འཁོར་གྲུ་གསུམ་བརྩེགས་མ་ལ།། ཐོད་པ
111b3 མདའ་གཞུ་མེ་རིས་བསྐོར།། ཆོས་ནི་བཟང་པོ་རྒྱས་པ་ལ།། བཤང་གཅིའི་དམ་ཚིག་ཤ་ཆེན་བཟའ།། དེ་ནས་ལས་ཀྱི་སྐལ་བདེ་རུ།། སྔགས་མཁན་གྱིས་ནི་མི་གཟུགས་བྲི། ཐོ་བ་ཆེན་པོ་གནམ་འཕྱར་ནས།། དེ་ཡིས
111b4 མགོ་ལ་བརྡུང་བར་བྱ།། ཁྲོས་པས་འཇིགས་ཤིང་གཏུམ་པོར་བྱ།། སྔགས་རྣམས་འདི་དག་བཟླས་ཤིང་བརྡུངས།། ཨོཾ་ཧྲིཿཥྚྲྀ་བི་ཀྲྀ་ཏཱ་ན་ན། སརྦ་ཤ་ཧཱུཾ་ནན། ནཱ་ཤཱ་ཡ། སྟམ་བྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧ། ཁྲག་དང་སྐེ
111b5 ཚེ་ལན་ཚྭ་རྣམས།། ཁྲོ་བོ་གཏུམ་པོས་མེ་སྦར་ལ།། ཚེར་མའི་མེ་ལ་ཁྲོས་པས་བསྲེགས།། མིང་ངམ་རུས་སམ་མཚན་མ་སྟེ།། དུམ་བུར་བཅད་ཅིང་མེ་ལ་བསྲེག། ནམ་ཕྱེད་དམ་ནི་ཉི་མའི་གུང་།། སྟོང་རྩ་བརྒྱད་ནི་ཚུལ
111b6 བཞིན་དབུལ།། བདག་ཀྱང་ཁྲོ་ཞིང་ཚིག་པ་ཡིས།། བསྲེགས་ཤིང་མེ་ལྷས་གཟུགས་ཕུང་བཅོམ།། དེ་ལྟར་མ་བྱས་རྨོངས་བྱས་ན།། དེ་ནི་འཇིག་རྟེན་ཚེ་ཟད་འགྱུར།། དུར་ཁྲོད་སོལ་བ་ཆོ་ག་བཞིན་དུ་བྱ།། མིང་དང
iiif viewer powered by OpenSeadragon
111a - 112a