e-texts navigator
Collection
Volume
Page
Wylie

110a1 སྦྲུལ།། ཤ་ཟན་ཚོགས་བཅས་མང་པོ་སྦྲུལ།། དེ་ནས་རྐང་པས་ལིངྒ་མནན།། ལམ་པོ་དུར་ཁྲོད་ཁང་སྟོང་དང་།། བཞི་མདོ་གླིང་གཅིག་ཤིང་དྲུང་དང་།། སྲིན་པོ་ཁྲོས་པའི་གནས་དག་ཏུ།། དྲག་པོའི་ལས
110a2 ཆེན་བཤད་པར་བྱ།། མི་ཡི་རུས་པའི་ཕུར་བུ་དག། སོར་བརྒྱད་དང་ནི་བཅུ་གཉིས་ལ།། སྔགས་ནི་འདི་དག་བཟླས་བྱ་སྟེ།། ཧ་ཡ་གྲཱི་བ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཁྲོ་བོའི་སྔགས་ཀྱང་ཀུན་བཟླས
110a3 ལ།། དགྲ་བོའི་སྒོའམ་གྲོང་དུ་བྱ།། རྒྱལ་བ་ཡི་ནི་སྐུ་གསུང་ཐུགས།། མ་ལུས་པ་ནི་སྦྱིན་པའི་མཆོག། ཉོན་མོངས་རྣམ་པར་རབ་སྤངས་པའི།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱི།། སྐབས་སམ་ཡང་ན་འཆི་བར་འགྱུར།། ཡང
110a4 ན་སྨྱོའམ་འབོག་པར་འགྱུར།། ཁྲག་ཏུ་སྐྱུག་ཅིང་འབྲོས་པར་འགྱུར།། ཡང་ན་སྨྲ་ཅོལ་འབོད་ཅིང་ནི།། དེ་ནས་ངེས་པར་ལྐུགས་ནས་འཆི།། ཡང་ན་ཐོད་པ་ལེགས་པ་དག། སློབ་དཔོན་ཡོན་ཏན་ལྡན་པས་བཙལ།། ཧེ
110a5 རུ་ཀ་དང་དབང་ཕྱུག་ཆེ།། ཕྲ་མེན་ཁྲོ་བོ་ཁྲོ་མོར་བཅས།། སངས་རྒྱས་ཀུན་གྱི་སྔགས་ཆེན་དག། རབ་ཏུ་ཐོད་པའི་ནང་དུ་བྲི།། མ་རུངས་པ་ཡི་སྒོར་བཞག་ན།། དགྲ་རྣམས་ངེས་པར་བསྐྲད་པར་འགྱུར།། ཡང་ན་ཏ
110a6 ལའི་ལོ་མའམ།། ཤིང་ཤུན་གྲོ་གའམ་རས་ཀྱང་རུང་།། དྲག་པོའི་སྔགས་ནི་ཀུན་བྲིས་ནས།། ཁྱིམ་མམ་གནས་སུ་སྦས་གྱུར་ན།། ཤིའམ་སྐབས་སམ་བསྐྲད་པར་འགྱུར།། རྡོ་རྗེའི་གསུང་ལས་འདི་ཕྱུང




iiif viewer powered by OpenSeadragon

109b - 110b

Texts on this page

Gpb012.010 - zla gsang chen po'i mdo