e-texts navigator
Collection
Volume
Page
Wylie

105b1 གཞི་རྙེད་གྱུར་ནས།། ས་བཟུང་བསྐྲད་དང་བསླང་བར་བྱ།། དེ་ནས་བུད་མེད་སྒྱུ་མ་རྒྱལ།། ཤེས་རབ་མཚན་ལྡན་གཟུང་བར་བྱ།། ཁང་བུ་ངོས་འཇམ་བསྟར་བར་བྱ།། མཎྜལ་འཟས་པའི་ངོས་ཡིན་ནམ་རྒྱས་པའི་འདི་དག
105b2 ལ།། དབུས་སུ་མ་ཏྲང་བཞི་བསྣོལ་ལ།། སྙིང་གར་གྲུ་གསུམ་སོ་སོར་བྲི།། རྩེ་ཟུར་ནང་པའི་ཕྱོགས་སུ་བསྟན།། ལག་པ་བརྒྱད་ནི་ཟུར་བཞིར་དགྲམ།། རྐང་པ་བརྒྱད་ནི་གྲུ་བཞིར་བསྣོལ།། སོ་སོའི་བྲང་གི་དབུས་དག
105b3 ཏུ།། ནརྀ་ཞེས་བྱ་བ་གཞག་པར་བྱ།། དེ་ཡི་དབུས་ཀྱི་དཀྱིལ་དག་ཏུ།། ཐིག་གིས་ས་བཅད་ཡུལ་ཡང་བཅད།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། འབར་བའི་བར་ཁྱམས་ཉིད་ཀྱིས་མཛེས།། ཀུན་ཏུ་གྲུ་བཞི་སྒོ
105b4 ཁྱུད་ལྡན།། ལྷ་རྣམས་རིམ་པར་རྒྱས་པར་བསྐྱེད།། སྤྱན་དྲང་བཞུགས་སུ་གསོལ་ནས་སུ།། མཆོད་ཅིང་བསྐུལ་དང་བསྟོད་པ་བརྗོད།། ཀ་པ་ལི་དང་ཀ་བུ་ཆུང་།། ཡན་ལག་རིང་ཟུང་དབང་པོར་བཅས།། དངོས་གྲུབ
105b5 འབྱུང་བའི་རྟེན་དུ་བྱ།། དགྲ་བོ་མ་ལུས་དགུག་པར་བྱ།། བདག་ནི་ཁྲོ་བོ་འཇིགས་སུ་རུང་།། འཇིགས་པ་དག་ཀྱང་འཇིགས་པར་བྱེད།། སྦྲུལ་གྱི་སྐེ་རགས་ཐོད་པའི་ཕྲེང་བས་བརྒྱན།། མེ་དཔུང་ཐོད་དབྱུག་འབར་བ
105b6 རལ་གྲི་ཐོགས།། དབུ་གསུམ་སྨུག་ནག་འཇིགས་ཤིང་འཚེར་བའི་ཞལ།། མཆེ་གཙིགས་རྣམ་པར་བརྒྱན་ཅིང་རྔམ་པའི་ཚུལ།། གློ་སྙིང་ནང་ཁྲོལ་ཟ་ཞིང་ཁྲོ་ཞིང་གཏུམ།། དེ་ལྟར་འཁོར་ཚོགས་མ་ལུས་ཀུན།། ཐམས




iiif viewer powered by OpenSeadragon

105a - 106a

Texts on this page

Gpb012.010 - zla gsang chen po'i mdo