e-texts navigator
Collection
Volume
Page
Wylie

101a1 མོ་བསམ་གྱིས་མི་ཁྱབ་པ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་དང་། ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཕྲ་མོ་ལ་མོས་པའི་བྱང་ཆུབ
101a2 སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་ཡུམ་རྣམ་པར་དག་པའི་མཁའ་ཀློང་དུ་ཁྱབ་ནས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས
101a3 འཁོར་དེ་དག་ཏུ་སྐུ་ལ་འཇུག་པར་མཛད་དོ།། འཁོར་དེ་དག་ཐམས་ཅད་ཀྱང་སྐུ་ལས་འཐོན་ནས། སེམས་ཅན་གྱི་དོན་ལ་གནས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་ལ་སོགས་སྦྱར་བ་འདི།། ཀུན
101a4 གྱིས་ཐམས་ཅད་གསལ་བའི་ཆོས་བསྟན་ཏེ།། སྣ་ཚོགས་ངོ་བོ་སངས་རྒྱས་ཁྱབ།། གྲུ་བཞི་ཀུན་ཏུ་དཀྱིལ་འཁོར་ལྡན།། འོད་ཟེར་རྣམ་ལྔས་ཀུན་ཏུ་འཁྲིགས།། རྒྱན་རྣམས་ཐམས་ཅད་རྒྱས་གྱུར་ཏོ།། དེ་ནས་འོད་ཟེར
101a5 རྗོད་པ་ལས།། ཕྱག་ན་རྡོ་རྗེ་ལ་སོགས་པ།། འཁོར་རྣམས་འབུམ་ཕྲག་བསམ་ཡས་དང་།། རིགས་རྣམས་ལྔ་པོ་འཁོར་བཅས་དང་།། ཐམས་ཅད་འདུས་པའི་འཁོར་ཚོགས་ལ།། འདི་སྐད་ཅེས་ནི་བཀའ་སྩལ
101a6 ཏོ།། ཨེ་མའོ་རྒྱལ་བ་ཐམས་ཅད་ཀྱི།། རྫོགས་པའི་སེམས་ནི་རང་བྱུང་བ།། བདེ་གཤེགས་ཀུན་གྱི་ཟླ་གསང་ཉིད།། མ་རྟོགས་པ་ལ་གནས་མེད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས།།




iiif viewer powered by OpenSeadragon

100b - 101b

Texts on this page

Gpb012.010 - zla gsang chen po'i mdo