e-texts navigator
Collection
Volume
Page
Wylie

100b1 འཚུབས། བསྐལ་པའི་མེ་ལྕེ་ནི་འབར།། ཁྲག་གི་རྒྱ་མཚོ་རྦ་ཀློང་ནི་འཁྲུག། མཱཾ་ས་ཤ་ཆེན་གྱི་ས་གཞི་ནི་བརྡལ།། ཀེང་རུས་གསར་རྙིང་གི་རི་རབ་ནི་བརྩེགས། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཀུན་ཏུ་འཕྲོ་བའི་གནས་ན
100b2 བརྗོད་ཀྱི་མི་ལངས་པའི་ཡང་མི་ལགས་པ། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཞེ་སྡང་རྡོ་རྗེ་དང་། དེ་བཞིན་གཤེགས་པ་གཏི་མུག་རྡོ་རྗེ
100b3 དང་།། དེ་བཞིན་གཤེགས་པ་ང་རྒྱལ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་འདོད་ཆགས་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཕྲག་དོག་རྡོ་རྗེ་ལ་སོགས་ཏེ། རྡོ་རྗེའི་འཁོར་ཚོགས་ཐམས་ཅད་དང་། དབང་ཕྱུག་མ་ཆེན་མོ
100b4 ཀེའུ་རཱི་མ་དང་། དབང་ཕྱུག་མ་ཆེན་མོ་ཙོའུ་རི་མ་དང་།། དབང་ཕྱུག་མོ་ཆེན་མོ་པྲ་མོ་ཧཱ་དང་། དབང་ཕྱུག་མ་ཆེན་མོ་བཻ་ཏཱ་ལི་དང་། དབང་ཕྱུག་ཆེན་མོ་པུཀྐ་སཱི་དང་། དབང་ཕྱུག་ཆེན་མོ་སྨ་ཤ་ནཱི་དང་། དབང་ཕྱུག་ཆེན
100b5 མོ་གྷསྨ་རཱི་དང་། དབང་ཕྱུག་ཆེན་མོ་ཙཎྜ་ལི་ལ་སོགས་ཏེ། དབང་ཕྱུག་ཆེན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཕྲ་མེན་མའི་འཁོར་ཚོགས་རྣམས་ལ། སེངྒེ་དང་། སྟག་དང་། ཝ་དང་། སྤྱང་ཀི་དང་། ཀང་ཀ
100b6 དང་། བྱ་རོག་དང་། འུག་པ་དང་། རྔ་མོ་དང་། བོང་བུ་དང་། ཁྱི་དང་། ཕག་ལ་སོགས་ཏེ་ཁྲོས་པའི་གཟུགས་ཅན་མང་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན་པོ་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན




iiif viewer powered by OpenSeadragon

100a - 101a

Texts on this page

Gpb012.010 - zla gsang chen po'i mdo