e-texts navigator
Collection
Volume
Page
Wylie

350b1 གཙང་མའི་ནང་དུ་ཙནྡན་དམར་པོ་བརྡར་ཏེ། དེ་ལ་ཡི་གེ་ཧཱུཾ་དམར་པོ་གཅིག་ཏུ་བསྒོམ། དེ་ནས་མ་ཧ་ཀྲོ་དྷི་ཤྭ་རཱི་ཞེས་བརྗོད་པས། ཁྲོ་མོ་དབང་ཕྱུག་མ་སྐུ་མདོག་དམར་མོ་ཚོན་གང་བ་ཞིག་ཏུ་གྱུར་པའི་ཐུགས་ཀར་ཡི
350b2 གེ་ཨོཾ་བཀོད་ལ་སྲིན་མཐེབ་ཀྱི་བར་དུ་ཡིག་འབྲུ་བཟུང་སྟེ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཧྲཱིཿཐཱ། ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། ཁྲོ་མོ་དབང་ཕྱུག་མ་འོད་དུ་ཞུ་ནས། ཚོགས་ཀྱི་ལོངས་སྤྱོད་ཐམས
350b3 ཅད་མཁའ་དབྱིངས་རྣམ་པར་དག་པར་བྱིན་གྱིས་བརླབས་ཏེ། དེ་ནས་ཚོགས་ཀྱི་ལོངས་སྤྱོད་ལ། ཡི་གེ་ཧཱུཾ་མཐིང་ག་གཅིག་བཀོད་ལ། དེ་འཕྲོ་ཞིང་འདུས་པ་ལས། ཨོཾ་རཏྣ་བྷ་ག་ལ་ཁཾ་ཞེས་བརྗོད་ལ། ལག་པ་ཐལ
350b4 སྦྱར་ཏེ་གཏུགས་ལ། ཚོགས་ཀྱི་མཆོད་པ་ཐམས་ཅད་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། ལྷུན་སྡུག་པ་རི་རབ་དང་མཉམ་པ། གྲངས་མང་བ་སའི་སྐྱེ་འཁྲུངས་དང་མཉམ་པ། གཏིང་ཟབས་པ་རྒྱ་མཚོ་དང་མཉམ་པ
350b5 མཚུངས་པར་བྱིན་གྱིས་བརླས་པ་སོ།། དེ་ནས་ཚོགས་ཀྱི་ཞལ་ཟས་ལ། ཧཱུཾ་དང་མུཾ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་ལས། ཞི་ཁྲོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ
350b6 པར་འཕྲོས་པས། འཇིག་རྟེན་གྱི་རྣམ་རྟོག་ཐམས་ཅད་བསྲེག་སྤྱད་དུ་བྱས། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ལ། དགྱེས་པ་ཆེན་པོའི་མཆོད་པ་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ཕུལ། མཉེས




iiif viewer powered by OpenSeadragon

350a - 351a

Texts on this page

Gpb011.013 - rnal 'byor nang gi tshogs rgyud chen po