e-texts navigator
Collection
Volume
Page
Wylie

348b1 པའོ།། དེ་ལྟ་བུ་འདོད་པའི་ཡོན་ཏན་ཐམས་ཅད་ནི། ཚོགས་ཀྱི་ཡོ་བྱད་ཡིན་ནོ།། ཚོགས་ཀྱི་ཡོ་བྱད་མི་འདོད་པའི་ཡོན་ཏན་རྣམ་པ་ལྔའོ།། དེ་དག་ཚང་ཞིང་ཚོགས་ན་ཡང་ལེགས། བར་འདིར་ཆག་ཆད་སོང་། དེ་ཅིའི་ཕྱིར་ཞེ་ན།
348b2 མ་གཡོས་པ་ཐམས་ཅད་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན་ནོ།། སངས་རྒྱས་ཉིད་ཀྱིས་མཆོད་པའི་རྒྱན་དུ་བྱིན་གྱིས་བརླབས་པའོ།། དེ་བས་ཀྱང་ཐམས་ཅད་དུ་ཏིང་ངེ་འཛིན་ལ་གནས་ཤིང་གཉིས་སུ་མེད་པ་ལས།
348b3 རྟོགས་པ་སྨྲ་བསམ་ཡུལ་ལས་འདས། བསྒོམ་པ་དམིགས་སུ་མེད་པའོ།། ཨོཾ་མ་ཧཱ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། དབྱིངས་གཅིག་རང་བཞིན་མི་གཉིས་ཀྱང་།། མ་རིགས་རྨོངས་ལ་བསྟན་པའི་ཕྱིར།། ཁྱབ
348b4 པའི་སྙིང་རྗེ་ཡོངས་ཀྱིས་འབྱུང་།། དེ་ཚེ་རྗེ་བ་མེད་པར་བསྒོམ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། མཐའ་དབུས་མེད་པའི་བྱང་ཆུབ་སེམས།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། སེམས་ནི་ཡི་གེའི་རང་བཞིན་རྒྱུ།། ཡི
348b5 གེ་མཆོག་ཏུ་བསྒོམ་པར་བྱའོ།། ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨེ་ཡཾ་མཾ་ལཾ་བཾ་བི་ཤྲ་བི་ཤུདྡྷེ།། མཁའ་དབྱིངས་ནམ་མཁའི་ཀློང་ཡངས་སུ།། འབྱུང་བ་རླུང་གི་སྒྲ་བཅས་ཏེ།། བདུད་རྩིའི་ཆུ་བསྐྱིལ་མཱ་མ་ཀི། གསེར་གྱིས་ས་གཞི་རི
348b6 རབ་མཛེས།། ཁ་དོག་ལྔར་བཅས་རིན་ཆེན་ལྔར།། བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་།། ཏཱ་ལའི་བསྐྱེད་ཤིང་ཙོང་ཙོང་སྦྲེལ།། ཡིད་བཞིན་རིན་ཆེན་གྲ་ན་གསལ།། ལྔ་ལྡི་འཇའ་ཚོན་སྤྲིན་རུམ་ཡང་།། མུ་ཏིག་ཆུན་པོ




iiif viewer powered by OpenSeadragon

348a - 349a

Texts on this page

Gpb011.013 - rnal 'byor nang gi tshogs rgyud chen po