| | e-texts navigator
|
340b1 རྟོགས་པའི་གེགས་མེད་པར་བྱ་བ་ནི། ཚོགས་ཀྱི་ལྷག་མ་ལ་སྤྱི་སྡོམ་སྟེ། ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་བ་ལིན་ཏ་ཁ་ཁཱ་ཞེས་བརྗོད་ལ། གང་ཡང་མི་གནས་པའི་ཕྲིན་ལས་བཅོལ་ལོ།། དེ་ནས་དངོས་པོ་དང་མཚན་མར
340b2 མི་གནས་པར་བྱ་བ་ནི། ཐམས་ཅད་སྟོང་པའི་རང་བཞིན་ལས་མ་གཏོགས་པ། རྟོགས་པ་དང་མཚན་མ་གར་ཡང་མི་གནས་པར་ཚོགས་ཀྱི་གཏོར་མར་ལོངས་སྤྱོད་པས། ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་གཏོར་མར
340b3 སངས་རྒྱས་པར་བསྒོམ་པའོ།། གཏོར་རྒྱུད་ཆེན་པོ་ལས། ཟ་མའི་གཏོར་མའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས། ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།
340b4 བཅོམ་ལྡན་འདས་དེ་ལྟ་བུའི་གཏོར་མ་འདི།། གཏོར་ཞིང་གང་ལ་གཏང་བ་ལགས།། གཏེར་གང་དུ་བཞག་པ་ལགས། སྤྱད་ཅིང་བཙལ་བའི་ཐབས་ཅི་ལྟ་བུ་ལགས། ཡང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ
340b5 གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཆེན་པོ་ལུང་བསྟན་པ་འདི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་ལ། ངས་ཀྱང་བཤད་པར་བྱའོ།། གཏོར་མ་འདི་དག་གཏོར་ཞིང
340b6 གཏང་བར་བྱ་བ་ནི། འབྱུང་བ་ཆེན་པོ་ལྔ་ལ་གཏོར་ཞིང་གཏང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་གཏོར་མ་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ལ། གཏོར་མའི་མགྲོན་གྱི་བཞུགས་གནས་ཀྱང་ཡིན་ལ། གཏོར་མའི་འབྲས
iiif viewer powered by OpenSeadragon
340a - 341a