e-texts navigator
Collection
Volume
Page
Wylie

332a1 པ་ཐོབ་པར་འགྱུར་རོ།། དེ་ཙམ་ན་རྩ་བའི་གཏོར་མ་འདི་ལ་དུས་དང་སྐབས་དང་། གང་རིག་འཛིན་རྣམས་ཀྱིས་སྤྱོད་ཅིང་། ལྷ་མ་སྲིན་ལས་འཕྲོ་དང་ལྡན་པ་ཤ་སྟག་དམ་ལ་འདོགས་ཤིང་གཉེན་ཞིང
332a2 མཐུ་བྱིན་དང་ལྡན་པར་སྤྱོད་པར་འགྱུར་རོ།། དེ་ནས་རྒྱ་བཞི་པ་ལ། ཤྲཱི་ན་ལེནྡྲ་དང་། རྡོ་རྗེ་གདན་ལ་སོགས་པ་རྒྱ་གར་དང་། ཁ་ཆེ་དང་། ལི་དང་། ཨུ་རྒྱན་ཡུལ་ལ་སོགས་པ་གནས་ཁྱད་པར་ཅན་དུ། གང་ཟག་ཁྱད
332a3 པར་ཅན་གྱིས་བསྒྲུབ་པ་ཁྱད་པར་ཅན་གྱིས་གསང་སྔགས་འབྲས་བུའི་སྒོ་ནས་གྲུབ་པ་ཐོབ་པ་ཤ་སྟག་འབྱུང་སྟེ། དངོས་གྲུབ་ཐོབ་པ་དང་། འཕགས་པའི་ཞལ་མངོན་དུ་གྲུབ་པར་མཐོང་བ་དང་། ཡིད་ཆེས་ཤིང་མཐར
332a4 ཕྱིན་པར་འགྱུར་རོ།། དེ་ནས་བརྒྱ་ལྔ་པ་ལ། པཎྜི་ཏ་ལྔ་བརྒྱ་ལ་སོགས་པ་འཕགས་པ་ཉིད་དུ་བཞུགས་པ་རྣམས། ལས་འཕྲོ་དང་ལྡན་པ་ལ་ཟབ་ཅིང་རྒྱས་པར་སྟོན་པའི་ཕྱིར། བཞུགས་ཐབས་དང་སྡེར་འཁོད་ནས།
332a5 ད་པ་དང་མཆོད་གནས་ཀྱི་རྟེན་དུ་གནས་སོ།། དེ་ནས་ལྔ་བརྒྱ་དྲུག་པ་ལ། བྱང་ཆུབ་སེམས་དཔའི་རྒྱལ་པོ་བཅོ་བརྒྱད་བྱུང་ནས། རྒྱལ་ཁམས་བཅོ་བརྒྱད་དུ་གསང་སྔགས་འབྲས་བུའི་ཆོས་དར་བར་འགྱུར་རོ།། དེ
332a6 ནས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་དད་པ་དང་ཐུགས་དམ་དུ་བཅས་ནས། བོད་ཀྱི་རྒྱལ་ཁམས་སུ་གསང་སྔགས་འབྲས་བུའི་ཆོས་དར་ཞིང་རྒྱས་པར་འགྱུར་རོ།། དེ་ཙམ་ན་གྲུབ་པ་ཐོབ་ཅིང་སངས་རྒྱས་པ




iiif viewer powered by OpenSeadragon

331b - 332b

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po