e-texts navigator
Collection
Volume
Page
Wylie

324b1 ཕྱིའི་མཆོད་པའི་ཚོགས་ལས། ཧཱུཾ་བཛྲ་ལཱ་སྱེ་ས་མ་ཡཱ་སྙམ་དུ་གྱུར། དེ་ལས་ལྷ་མོ་ལཱ་སྱེ་མ་འོད་ཟེར་ཁུ་ཚུར་འགྱིངས་པའི་མཆོད་པར་གྱུར་ནས། ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚོགས་ཀྱིས་མཆོད
324b2 པར་གྱུར་ཏོ།། དེ་ཡང་མཆོད་པའི་ཚོགས་ལས། ཏྲཾ་མཱ་ལེ་ས་མ་ཡ་ཧོར་གྱུར་ནས། དེ་ལས་ལྷ་མོ་རིན་ཆེན་ཕྲེང་གི་མཆོད་པ་གྱུར་ནས། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚོགས་ཀྱིས་མཆོད་པར་གྱུར་ཏོ།།
324b3 དེ་ནས་ཡང་མཆོད་པའི་ཚོགས་ལས། ཧྲཱིཿགཱི་ཏི་ར་གོ་ཉ་ཧཾ་དུ་གྱུར་ནས། དེ་ལས་ལྷ་མོ་པི་ཝཾ་རྒྱུད་ཀྱི་མཆོད་པར་གྱུར་ནས། ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་མཆོད་པར་གྱུར་ཏོ།། དེ་ནས་ཡང་མཆོད་པའི
324b4 ཚོགས་ལས། ཨཾ་ནི་ར་ཏི་རཱ་ག་ཡཱ་མིར་གྱུར་ནས། དེ་ལས་ལྷ་མོ་གར་གྱི་མཆོད་པར་གྱུར་ནས། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མཆོད་པར་གྱུར་ཏོ།། དེ་ནས་ནང་གི་མཆོད་པ་ནི། ཚོགས་ཀྱི
324b5 མཆོད་པ་ལས། ཛཿདྷུ་པེ་པྲ་ཝེ་ཤ། ཧཱུཾ་པུཥྤེ་ཨཱ་ཝེ་ཤ། བཾ་དཱི་པཾ་སུ་གི་རཱི། ཧོ་གྷནྡེ་ཙིཏྟ་ལས་གོང་མ་བཞིན་དུ་ལྷ་མོ་བཞིའི་སྐུར་གྱུར་ནས། མཚམས་བཞིར་ཚོགས་ཀྱིས་མཆོད་པར་གྱུར་ཏོ། དེ་ནས་གསང་བའི་མཆོད་པ
324b6 ནི། ཚོགས་ཀྱི་མཆོད་པ་ལས། ཨང་ཀུ་ཤ་ཛཿ། པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷནྡེ་ཧོར་གྱུར་ནས། དེ་ལས་ཚད་མེད་པའི་ལྷ་མོ་བཞིར་གྱུར་ནས། སྒོ་བཞིར་ཚོགས་ཀྱིས་མཆོད་པར་གྱུར་ཏོ།། དེ་ནས་རབ་ཏུ་གསང་བའི་མཆོད




iiif viewer powered by OpenSeadragon

324a - 325a

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po