| | e-texts navigator
|
321a1 སངས་རྒྱས་གསུང་ཡིན་པས།། བློ་ལྡན་བུ་གཅིག་ཅི་ཡོད་སྨྲོས།། འཚམས་པར་གྱུར་པ་ལུང་ལས་གསུངས།། གཏོར་རྒྱུད་ཆེན་པོ་ལས།། ལྟ་བ་ཆོས་ཉིད་ཀྱི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས
321a2 བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ། དབང་བསྐུར་བའི་དོན་འདི་ཆེད་དུ་བརྗོད་དོ།། རྒྱུ་དང་འབྲས་བུ་ལ་སོགས་པ།། ཞལ་ནས་གསུངས་པ་ཐམས་ཅད་དང་།། གསང་བ་གསང་ཆེན་གང
321a3 མཆོག་རྣམས།། རྣ་དབང་ཡིད་ལ་ཉན་པར་བྱོས།། ཨོཾ་དྷརྨ་ཙཀྲ་ཧཱཾ། ཨེ་མ་ཧོ། སློབ་མ་བློ་ལྡན་བུས། རྒྱལ་བ་རྣམས་ཀྱིས་གང་གསུངས་པ།། བླ་མའི་ཚིག་ལས་མ་ནོར་བར།། སྣོད་དང་ལྡན་པ་རྣམས་ལ་སྟོན།། ཨོཾ་དྷརྨ
321a4 ཙཀྲ་ཕཊ། སྔགས་དང་ཕྱག་རྒྱ་ལ་སོགས་པ།། མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས།། གྲངས་ཚད་རྟགས་རྣམས་མངོན་གྱུར་པར།། རྣལ་འབྱོར་གསང་བར་བསྒྲུབ་པར་གྱིས།། ཨོཾ་ཨཱཿཧཱུཾ་སརྦ་ཨེ་ཤུདྡྷེ་ཧཱུཾ་ཕཊ། རྡོ་རྗེ་རྒྱལ
321a5 པོ་སྐུ་གསུམ་འཆང་།། དབྱེར་མེད་ཏིང་འཛིན་མི་གཡོ་བ།། ཐམས་ཅད་ཀུན་གྱིས་འདྲེན་པ་པོ།། མ་ལུས་རྣལ་འབྱོར་འདྲེན་པར་གྱིས།། ཨོཾ་བཛྲ་གྷ་རུ་ས་མ་ཏི་ཧཱུཾ། དེ་ནས་ལས་རྣམས་ཀུན་རྫོགས་པས།། སྔགས་དང
321a6 ཕྱག་རྒྱ་ལ་སོགས་པ།། ལས་ཀྱི་བྱེ་བྲག་མང་པོ་དག། ཕྲིན་ལས་རྣམ་བཞི་གང་བྱོས་ཤིག། ཨོཾ་ཀརྨ་སིདྡྷི་ཧཱུཾ། ཞལ་ནས་གསུངས་པའི་ཆོས་ཀུན་ལ།། དེ་ཚེ་བདག་ཉིད་དང་འདྲ་བས།། དང་པོ་ཐོབ་པའི་དབང་བསྐུར
iiif viewer powered by OpenSeadragon
320b - 321b