e-texts navigator
Collection
Volume
Page
Wylie

318b1 སྟེ། གཞན་དགེ་བའི་རྩ་བ་ཅི་བྱས་ཀྱང་ཕན་པ་མེད་པ་དང་། གསུམ་ག་ཉམས་ནས་གཞི་འཇིག་པ་དང་འདྲ་སྟེ། བསྐལ་པ་དཔག་གིས་མི་ལངས་པར་དམྱལ་བར་སྐྱེའོ།། ཡན་ལག་གི་དམ་ཚིག་ཉམས་ན་ཤིང་ཏཱ་ལའི
318b2 ལོ་མ་བཅད་པ་དང་འདྲ་སྟེ། བསྐལ་པ་ཆེན་པོར་དམྱལ་ཁམས་བཅོ་བརྒྱད་དུ་སྡུག་བསྔལ་ཉམས་སུ་མྱོང་བ་དང་། དམ་ཚིག་ཀུན་ཉམས་ནི་མི་སྲིད་ན། ཉམས་ན་གླེང་བརྗོད་ལས་འདས་སོ།། དེ་སྐད་ཅེས་བཀའ་སྩལ
318b3 ཏོ།། དམ་ཚིག་ཚིག་ཏུ་གསུངས་པ་ཡང་།། མ་ཉམས་བསྲུངས་ན་དམ་ཚིག་ཡིན།། དམ་ཚིག་བསྲུངས་པར་དཀའ་ན་ཡང་།། ཐར་པར་བསྙེག་པ་ཤིན་ཏུ་ཉེ།། དམ་ཚིག་ཉམས་པ་རབ་སླ་ཡང་།། དམྱལ་བའི་སྤྱོད་པ་ཡ།
318b4 རེ་ཆ།། བླུན་པོས་དེ་ལྟར་མ་རིག་སྟེ།། འཁོར་བའི་སྡུག་བསྔལ་བཟོད་བླག་མེད།། དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ལྔའི་སངས་རྒྱས་ལ་སོགས་པ་ཡེ་ཤེས་ཆེན་པོའི་ཁྱད་པར་ཉིད་ལས་མི་གཞན་པའི་འཁོར
318b5 དང་། འགྲོ་བ་འདུལ་བའི་འཁོར་དང་། ཐུགས་རྗེ་སྤྲུལ་པའི་འཁོར་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཐམས་ཅད་ཤིན་ཏུ་སྤངས་ནས་སྐྲག་ཅིང་འདར་ཏེ་བརྒྱལ་ནས་ཁ་སྦུབ་ཏུ་འགྱེལ་ཏོ།། གཏོར་རྒྱུད་ཆེན་པོ
318b6 ལས། དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས་དེ་དག་བརྒྱལ་བ་བསྲུང་བར་བྱ་བའི་ཕྱིར་ན། འདི་སྐད་ཅེས་བྱ་བའི་གླུ་དབྱངས་སོ།། སྟོང་པ་ཤིན་ཏུ་ཡོད་མེད




iiif viewer powered by OpenSeadragon

318a - 319a

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po