e-texts navigator
Collection
Volume
Page
Wylie

315a1 བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བུ་ལ་མ་བྱམས་པ་བཞིན་བསམས་ལ་ཐུགས་རྗེས་ཟིན་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ
315a2 དང་། གསང་སྔགས་གསང་བའི་རྒྱུ་ཁེ་དང་གྲགས་པ་སྤངས་ཤིང་དམ་ཚིག་ལས་མི་འདའ་བར་བྱ་བ། བཟླས་བརྗོད་དང་འཕྲོ་འདུ་མངོན་དུ་གྲུབ་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འཕགས་པ
315a3 རྣམས་ལ་ཚོགས་དང་གཏོར་མ་རབ་ཀྱིས་ཉིན་མཚན་རྒྱུན་ཆད་པ་མེད་པར་མཆོད་པ་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འབྲིང་གིས་ཉིན་ལན་རེ་མཆོད་པར་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ
315a4 བ་དང་། ཐ་ན་ཡང་ལོ་དང་ཟླ་བར་མ་འདས་པར་མཆོད་པ་ཕུལ་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ལོ་ཟླ་ལ་བསྐང་ལ་དམ་ལ་མི་འདའ་བར་བྱ་བ་དང་། ཉམས་པ་ཡོད་ན་སོར་བཅུག་ལ་དམ་ཚིག་ལས་མི
315a5 འདའ་བར་བྱ་བ་དང་ལེ་ལོ་བཏང་སྙོམས་ལ་སོགས་པ་སྤངས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། འཕྱ་བཞད་དང་གཉིད་དབང་དུ་མི་བཏང་བར་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བསྒྲུབ་ཅིང་དང་དུ
315a6 བླངས་ཏེ་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། བལྟ་བས་གཉིས་སུ་མེད་པའི་དོན་རྟོགས་པར་བྱས་ལ། དམ་ཚིག་ལས་མི་འདའ་བར་བྱ་བ་དང་། སྤྱོད་པས་དོན་དང་མི་འགལ་ཞིང་ཡོངས་ཀྱིས་མ་དཔྱད་པར་བྱས




iiif viewer powered by OpenSeadragon

314b - 315b

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po