e-texts navigator
Collection
Volume
Page
Wylie

308b1 པར་བྱས། གནས་སུ་གཅིག་མི་དགོངས་པའི་སློབ་དཔོན་མང་པོ་འབྱུང་བ་དང་། གསང་སྔགས་ཀྱི་དོན་ཟབ་མོ་ཀུན་ཀྱང་ཤེས་ཤིང་བཟོས་པ་རྣམས་ཀྱིས་ཀྱང་། ལ་ལ་ཁེ་དང་གྲགས་པར་འདོད་པའི་ཆོས་གྲཝ་དང་སློབ
308b2 པ་བཙུག་སྟེ། སྣོད་ཡིན་རུང་མིན་རུང་སྣང་རྒུ་བསྡུས་ཏེ་གྲངས་མང་དུ་བསྟན་པས་གཅིག་གི་བཀའ་བཞིན་དུ་གཅིག་གིས་ཀྱང་མི་བྱེད་བཞིན་དུ། སློབ་མ་མང་པོ་འདུས་ཏེ་སློབ་དཔོན་བྱེད་པ་དང་། ལ་ལ་ཟང་ཟིང་དང
308b3 འདོད་པ་ལ་ཆགས་པའི་ཕྱིར་གསང་སྔགས་ཟབ་མོའི་དོན་ཁུར་དུ་ཁུར་བ་དང་། ཁལ་དུ་བཀལ་ཏེ་རྒྱལ་ཁམས་སུ་སྣོད་ཡིན་རུང་མིན་རུང་འདོན་པ་དང་ཚོང་དུ་བརྗེ་ཞིང་བཀའ་འཆལ་བར་གཏོར་བའི་སློབ་དཔོན་བྱེད
308b4 པ་ལ་སོགས་པ་རྣམས་ནི། བཟང་ངན་དང་ང་ཁྱོད་མེད་པར་ཀུན་ཡོ་ཉམས་སུ་འགྱུར་བས། ཀུན་དམྱལ་བར་འགྲོ་ལ། དེའི་ཚེ་གསང་སྔགས་ཀྱི་དོན་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་བསམ་པ་མི་འགྲུབ་པ་དང་།
308b5 དམ་ཚིག་གི་བྱ་ར་བ་རྣམས་མི་འགོ་བའི་ཤུགས་ཀྱིས། སྔགས་མཐུ་བྱིན་ཆུང་བར་འགྱུར། དེའི་སྐྱོན་གྱིས་སྐུ་ལ་བསྔོ་བའི་དགྲ་དང་། བགེགས་འབྱུང་ཞིང་། ནད་ཀྱི་རྣམ་པ་ལ་སོགས་པ་མི་འདོད་པ་རྣམས་ཀྱང་འབྱུང
308b6 བ་དང་། སྔགས་པ་གཅིག་གིས་གཅིག་འཐབ་ཅིང་རྩོད་པ་དང་། མཐུ་བྱིན་ཆུང་བས་སྐྱེ་བོའི་མཚོན་ཆའི་ལས་བྱེད་པ་དང་། སེམས་ཅན་ཕལ་པ་ཡོངས་ཀྱིས་དོན་འདི་འདྲ་ན་ཆོས་བརྫུན་ནོ་ཞེས་ཟེར་ཞིང་འཕྱ་ཞིང་ཡ




iiif viewer powered by OpenSeadragon

308a - 309a

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po