| | e-texts navigator
|
303a1 འབུལ་བར་བྱེད་དོ།། དེ་བཞིན་དུ་རྣམ་པ་གང་ལ་ལ་ཞིག་ལ། ཚེ་དང་ལོངས་སྤྱོད་དང་། འབྱོར་པའི་ལོངས་སྤྱོད་ལ་སོགས་པ་མེད་ན། རྩ་བའི་གཏོར་མ་རྨད་དུ་བྱུང་བའི་གཏོར་མ་ཆེན་པོ་འདི་འཁོར
303a2 རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་ལ་སྦྱིན་པ་དང་། རྒྱལ་བ་རྒྱ་མཚོ་ལ་མཆོད་པ་ཕུལ་ནས། ཚེ་དང་བསོད་ནམས་དང་། འབྱོར་པའི་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་རང་ཡིད་ལ་ཅི་ལྟར་འདོད་པ་བཞིན་དུ
303a3 འཕེལ་ཞིང་རྒྱས་པར་བྱེད་དོ།། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་ཟད་པར་འགྱུར་རོ།། རྣལ་འབྱོར་པས་ཁམས་གསུམ་གྱི་མ་མོ་མཁའ་འགྲོ་ལ་སོགས་པ་དབང་དུ་བྱ་བར་འདོད་ན་ཡང་། རྩ་བ་རྨད་དུ་བྱུང་བའི
303a4 གཏོར་མ་འདི། རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་དགྱེས་པར་ཕུལ་བ་དང་། ཟུངས་སུ་བཟུང་ཞིང་ཕྲིན་ལས་བཅོལ་ན། ཅི་ལྟར་དབང་དུ་བྱ་བར་འདོད་པ་ཐམས་ཅད་བྲན་སྙིང་ཉེ་བ་བཞིན་དུ་ལས་བྱེད་པ
303a5 དང་། ཐམས་ཅད་ལ་ཅི་དགའ་བར་དབང་བསྒྱུར་བར་འགྱུར་རོ།། རྣལ་འབྱོར་པ་གང་ལ་ལ་ཞིག་མ་རུངས་པས་འཚེ་བ་དང་བསྟན་པ་འཇིག་པ་དང་། ཡོངས་ལ་གནོད་པ་དང་། དམ་ཉམས་པ་དང་། སྐུ་དགྲར་གྱུར
303a6 པ་ཡོད་ན་ཡང་། རྩ་བ་རྨད་དུ་བྱུང་བའི་གཏོར་མ་འདི་རྟོགས་པར་བྱས་ལ་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་གཏོར་མའི་དོན་གྱིས་མཆོད་པ་འདིའི་གཞུང་ལས་བྱུང་བ་བཞིན་མཆོད
iiif viewer powered by OpenSeadragon
302b - 303b