| | e-texts navigator
|
302a1 པའོ།། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན། ཁ་དོག་རྣམ་པ་ལྔ་ཞིག་ཡོད་དོ།། གཟུགས་ལྔ་ཞིག་ཡོད་དོ།། སྐྲ་རྣམ་པ་ལྔ་ཞིག་ཡོད་དོ།། ཡེ་ཤེས་ལྔ་ཞིག་ཤར་རོ།། དེ་ལ་ཁ་དོག
302a2 དཀར་པོར་སྣང་བ་ཐམས་ཅད་ཞི་བའི་གཏོར་མའོ།། དེ་བཞིན་དུ་ཁ་དོག་སེར་པོར་སྣང་བ་རྒྱས་པའོ།། ཁ་དོག་དམར་པོ་དབང་། ཁ་དོག་མཐིང་ག་དྲག་པོ། ཁ་དོག་ལྗང་གུ་ལས་ཀུན་གྲུབ་པའི་ཕྲིན་ལས
302a3 སོ།། གཟུགས་ཟླུམ་པོ་ཞི་བའི་གཟུགས་སོ།། གྲུ་བཞི་རྒྱས་པའོ།། ཟླ་གམ་དབང་། ཟུར་གསུམ་དྲག་པོའོ།། དབྱིབས་ཐ་དད་པ་ལས་ཀུན་གྲུབ་པའི་གཟུགས་སོ།། དེ་བས་ན་སྣོད་བཅུད་གཏོར་མའི་རང་བཞིན་དུ
302a4 གཅིག་ཀྱང་། ལས་ཐ་དད་པའི་དབང་གིས། གཏོར་མ་ལྔར་སྣང་ངོ་།། བརྒྱར་ཡང་སྣང་ངོ་།། སྟོང་དུ་ཡང་སྤྲུལ་ཏོ།། དེ་བས་ན་དེ་བཞིན་གཏོར་མ་དེ་རྟོགས་ན། གང་ལྟར་འདོད་པ་དེ་བཞིན་སྣང་། ལས་ཐབས་དབང
302a5 ས་འཆོས་པར་ཟད།། ཕྲིན་ལས་སྣ་ཚོགས་གཏོར་མ་ཡིན།། དེ་བཞིན་གཏོར་མ་མ་རྟོགས་ནས།། འདི་ལས་དེ་བཞིན་དེ་མི་འབྱུང་། གཅིག་ཏུ་ཡང་གནས་ཤིང་བསྟན་པར་དཀའ།། དེ་རྟོགས་ལྷུན་གྱིས་གྲུབ་པ
302a6 ལ།། ཞི་བའི་བློ་ཡིས་གསལ་བར་ཕྱེ།། ཅི་ལྟར་བརྟགས་པ་དེ་བཞིན་སྣང་།། གང་ཞིག་གཞན་ལ་ཕན་པར་བྱེད་པ་ལ།། འབར་བའི་གཏུམ་པོ་མ་རུངས་ཀྱང་།། ཞི་བར་འདོད་ན་ཞི་བར་བྱེད།། འདོད་པའི་འབྱོར
iiif viewer powered by OpenSeadragon
301b - 302b