| | e-texts navigator
|
300b1 བཅས་ལ། མ་ཧཱ་ཀཻ་ནི་རི་ཏི་ཛ་ལ་མཎྜ་ལ་ཁཱ་ཧི་བ་ལིང་ཏ་ཅེས་བརྗོད་པ་ནི། རུས་པའི་གཏོར་མར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་ཡང་ལག་པ་ཐལ་མོ་སྦྱར་ལ་སྙིང་གར་གཏུགས། དེ
300b2 ནས་ཐོད་ཕྲེང་གི་ཕྱག་རྒྱ་བཅས་ལ་ལུས་བསྐོར། དེ་ནས་ལག་པ་རིན་པོ་ཆེ་འབར་བཞིན་དུ་བྱས་ལ་གཏོར་མའི་རྫས་ལ་གཏུགས་ལ། ཨཽ་ཀ་པཱ་ལ་བྷ་སུ་ཏ་རི་ལ་གྲོད་ཁྲོད་དེ། བྷྱོ་བྷྱོ་རུ་ལུ་རུ་ལུ་ཧཱུཾ། བ་ལིང་ཏ་མཎྜ
300b3 ལ་ཧཱུཾ། ཞེས་བརྗོད་པ་ནི། རྨད་དུ་བྱུང་བའི་གཏོར་མར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་གཏོར་མའི་རྒྱུད་ལག་པའི་མཐེ་བོང་གིས། མཐེའུ་ཆུང་ལག་མཐིལ་དུ་བཀུག་ལ། སོར་མོ་གསུམ
300b4 གཤིབས་ཏེ་བསྒྲེངས་ལ། ཨོཾ་ཤག་ཏི་དུམ་བུ་མ་ཧཱ་ཛ་ལ་བྷ་ལིང་ཏ་མཎྜལ་ཁཱ་རམ་ཁཱ་ཧི་ཞེས་བརྗོད་པ་ནི། གཏོར་མ་སྦྱོང་བའི་སྔགས་དང་ཕྱག་རྒྱའོ།། དེ་ནས་ཡང་ལག་པ་ཐལ་མོ་མཉམ་པར་སྦྱར་ལ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།
300b5 མྲྀ་ལཾ་མཱཾ་པཱཾ་ཏྱཾ། སུ་ར་ཏི་ཞེས་བརྗོད་པས། གཏོར་མའི་གཟུགས་ལྷ་དང་ལྷ་མོའི་དཀྱིལ་འཁོར་གཉིས་སུ་མེད་པའི་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱའོ།། དེ་ནས་ཡང་ལག་པ་གཟུགས་ཀྱི་མེ
300b6 ལོང་འཛིན་པ་དང་། སྒྲའི་པི་ཝཾ་ཐོགས་པ་དང་། དྲིའི་སྤོས་ཀྱི་ཕྱག་རྒྱ་དང་། རོའི་སྣོད་ཀྱི་ཕྱག་རྒྱ་དང་། རེག་གི་ན་བཟའི་ཕྱག་རྒྱ་དང་། ཆོས་ཀྱི་མཉམ་པའི་ཕྱག་རྒྱ་དང་། དེ་བྱི་མོ་ཧ་ར་ཏི་ལ་སོགས་པ་བརྗོད་པ་ནི།
iiif viewer powered by OpenSeadragon
300a - 301a