| | e-texts navigator
|
297a1 ཧཱུཾ། གྷུ་ཧྱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུཾ། རཀྵ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུཾ། བི་ཤྲ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུཾ། ཞེས་སྒྲ་བརྗོད་ཅིང་གནས་སོ།། དེ་ནས་རྡོ་རྗེ་སེམས་དཔས་ཀུན་ཏུ་བཟང་མོའི་བྷ་ག་ཡུམ་གྱི་མཁའ
297a2 ལས་ཕྱོགས་བཞིར་འབར་བའི་གཟུགས་བལྟས་ནས། ཧཱུཾ་ཧཱུཾ་ཞེས་བརྡའ་ཞིག་མཛད་པས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཡུམ་གྱི་མཁའ་ལ་གནས་གཅིག་ཏུ་ཚོགས་ནས། སྟོང་གསུམ
297a3 གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་གཟིགས་པ་དང་། ཡང་གོང་མ་ལྟར་གཟིགས་པས། ཁྲོ་ཞིང་འཚིགས་པར་གྱུར་པར་སྟུག་པོས་བརྒྱན་པའི་ཞིང་ཁམས་སུ་བདེ་བར་གཤེགས་པ་ཐམས་ཅད་གདན་འཛོམ་བཀའ
297a4 བགྲོས་ནས། ཞི་བ་དང་བྱམས་པའི་ཏིང་ངེ་འཛིན་གྱིས་ཐུལ་བ་མི་འདྲ་བས། དྲག་པོའི་ལས་ཀྱིས་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རི་རབ་རྩེར་དཔལ་རྟ་མགྲིན་སོ་ལ་བཏང་སྟེ། དཔལ་རྟ་མགྲིན་གྱིས་ས
297a5 ངས་ལེན་གྱིས་བལྟས་པས། ཕྱིན་ཅི་ལོག་གི་མཐུ་བརྟས་པ། ལ་ལ་ཉོན་མོངས་པའི་གནས་ན་ཁ་ལོ་ཕྱིན་ཅི་ལོག་གི་དབང་བགྱིས། ལ་ལ་དྲེགས་པ་ཆེན་པོའི་གཟུགས་དང་ཆ་བྱད་དུ་སྤྲུལ་ནས། དུས་གསུམ་གྱི
297a6 དབང་གིས་ཤ་ཁྲག་ཟ་ཞིང་། ཉོན་མོངས་པའི་ལས་ཞེ་སྡང་དྲག་པོས་རཱ་ཏྲ་ཉིད་དུ་གྱུར་ནས། ལུས་ཆེ་ལ་ཡན་ལག་རགས་པའི་འཕྲས་ཀྱང་། ཤ་ཟ་དང་། མཁའ་འགྲོ་དང་། མ་མོ་དང་། དབང་ཕྱུག་མས་བསྐོར་ནས།
iiif viewer powered by OpenSeadragon
296b - 297b