e-texts navigator
Collection
Volume
Page
Wylie

295b1 གཏོར་མའི་བཀའ་ནུབ་པར་གྱུར་ཏོ།། དེ་ལྟ་བུའི་གནས་ན། རྫས་ལོག་པ་དང་། ཆོས་བལྟ་བ་ལ་ལོག་པ་དང་། ཆོས་ཉིད་ལོག་པ་དང་། འབྲས་བུ་ལོག་པ་དང་། ལམ་ལོག་པ་ཤ་སྟག་མང་བར་འགྱུར་རོ།། གཏོར
295b2 རྒྱུད་ཆེན་པོ་ལས། ཉོན་མོངས་པ་མཐུ་བརྟས་ཀྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས་སྟུག་པོས་བརྒྱན་པའི་ཞིང་ཁམས་ནས། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། རྟགས་པར་འདི་དཔྱད། ངན་སོང་གི
295b3 རྒྱུར་གྱུར་ཏེ་ལ་ལས་ནི་ཚ་གྲང་གི་སྡུག་བསྔལ། སྤྱོད་པ་གཅིག་མཛད་པ་ལས། ཡིད་དང་དབང་པོས་བསྡུས་པ་ཐམས་ཅད། ཆོས་ཉིད་བརྟན་པ་ནི་རྫས་སུ་གོལ། གཏོར་མའི་རིགས་ཐམས་ཅད་འཇིགས་པའི་ལམ་དུ
295b4 སྨིན། གཏོར་མའི་སྣོད་ཐམས་ཅད་ངན་སོང་གི་རྒྱུར་གྱུར་ཏེ། ལ་ལ་ནི་ཚ་གྲང་གི་སྡུག་བསྔལ་གྱི་དབྱེན་སྤྱོན་ཞིང་ཚ་སྟེ་སྡུག་བསྔལ་བར་གཟིགས་སོ།། ལ་ལ་བཀྲེས་ཤིང་སྐོམ་པར་གཟིགས་སོ།། ལ་ལ་སྤྱད་ཅིང
295b5 བཀོལ་ཏེ་སྡུག་བསྔལ་བར་གཟིགས་སོ།། ལ་ལ་གསུམ་དང་བརྒྱད་ཀྱིས་སྡུག་བསྔལ་བར་གཟིགས་སོ།། ལ་ལ་འཐབ་པ་དང་རྩོད་པས་སྡུག་བསྔལ་བར་གནས་པར་གཟིགས་སོ།། ལ་ལ་འཆི་བ་དང་འཕོ་བ་དང་ལྟུང
295b6 བའི་སྡུག་བསྔལ་བར་གཟིགས་སོ།། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ན། གཏོར་མའི་ལས་བོར་ནས་རྟོག་པའི་ལས་ཀྱིས། ལ་ལ་ནི་སྙིང་རྗེ་བྲལ་ཏེ་གཅིག་གིས་གཅིག




iiif viewer powered by OpenSeadragon

295a - 296a

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po