| | e-texts navigator
|
286a1 དང་ཆེ་ངག་དང་། ཕྲ་མ་དང་དབྱེན་ལ་སོགས་པས་ཕ་རོལ་གྱི་མགོ་གནོན་པ་ལ་སོགས་པའི་ལས་བགྱིས་པ་རྣམས་གནས་དེར་སྐྱེས་ནས་ཤིན་ཏུ་སྡུག་བསྔལ་སྙིང་རྗེའོ།། དེ་ལ་སྐུར་པའི་དམྱལ་བ་གང
286a2 ཞེ་ན། ཤིན་ཏུ་མི་བཟད་པའི་ཁང་པར་བཞུགས་ནས། ཤིན་ཏུ་གཏོགས་ཤིག་ཆོད་ཅིག་པའི་སྒྲ་རྣ་བར་གྲགས་ཤིང་ཡུད་ཙམ་ལ་ལུས་དང་ཡན་ལག་ཡུངས་འབྲུ་ཙམ་བསམ་གྱིས་མི་ཁྱབ་པར་གཏུབས་ནས། དེ་མ་ཐག
286a3 ཏུ་སླར་འབྱོར་ཞིང་དེ་མ་ཐག་ཏུ་གཏུབས་པ་དང་། ལྕེའི་དབང་པོ་ཞིང་ལྷ་གཅིག་ཙམ་དུ་སྐྱེས་ནས། ལྕགས་ཀྱི་གླང་དང་རྨོད་པའི་ཐོང་གཤོལ་གྱིས་ཤིན་ཏུ་སྲིང་ཟེར་བའི་སྒྲ་གྲགས་ཤིང་། ན་བ་དང་ཚ་བའི་སྒྲ་ནི་འབྱིན
286a4 པར་མི་ནུས། བར་བར་དུ་མཐུན་པ་ཙམ་འབྱིན་པར་ནུས་ཏེ། དེ་ལྟ་བུའི་གནས་ན་ཤིན་ཏུ་སྡུག་བསྔལ་ཞིང་སྤྱོད་པའི་ཚེ་ཚད་ནི་བསྐལ་པ་སྟོང་ཕྲག་བདུན་ཁྲིར་སྦྱང་བར་གནས་པར་འགྱུར་རོ།། དེ་ཅི་ལས་བྱུང་ཞེ
286a5 ན། ཐམས་ཅད་གཏོར་མ་ཡིན་པ་མ་རྟོགས་པའི་དབང་གིས། གཞན་སྨད་པར་འདོད་པའི་ཕྱིར་གང་ཟག་སྐྱེ་བོའི་རིགས་སུ་སྐྱེས་པས་ཏ་ན་ག་ཎ་ལ་སོགས་པ་བྱ་ར་བྱས་ཤིང་རྩ་བ་བཅད་ནས་འཕྱས་པ་དང་། རྣ་བ
286a6 སེམས་ཅན་ཡོངས་ལ་ཞེ་བ་ལ་མི་འབབ་པའི་ཚིག་སྨྲ་ཞིང་། མིང་མཁན་ལོག་པར་འདོགས་པ་དང་། གང་ཟག་དམ་པའི་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ན་ཡང་། གསང་སྔགས་ལ་ཡ་ག་དང་སྒྲོ་སྐུར་འདེབས
iiif viewer powered by OpenSeadragon
285b - 286b