e-texts navigator
Collection
Volume
Page
Wylie

285a1 ལ་སོགས་པ་ལ་མི་རིགས་ཤིང་ཚུལ་མ་ལགས་པ་བགྱིས་པའི་དབང་གིས་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེའོ།། དེ་ལ་ཆགས་པའི་དམྱལ་ལ་གང་ཞེ་ན། ལུས་ལ་སྣང་བ་མེད་པའི་མེས་རེག་མ་ཟག་ཏུ་ཐར
285a2 བར་འགྱུར་ཞིང་། སླར་ལངས་པ་དང་རེག་པ་མེད་པའི་ཆུས་རེག་མ་ཐག་ཏུ་ཤིང་ཤུན་རླུང་གིས་བསྐྱོད་པ་ལྟར་གས་ནས་སླར་འབྱོར་པ་དང་། སྣང་བ་མེད་པའི་མཚོན་གྱིས་བརྒྱབ་ནས། རེག་མ་ཐག་ཏུ་ཚགས་མ
285a3 བཞིན་དུ་གྱུར་ནས། སླར་སོས་པ་ལ་སོགས་པའི་སྡུག་བསྔལ་བསྐལ་པ་ཆེན་པོ་གྲངས་ཀྱིས་མི་ལངས་པར་སྤྱོད་ཅིང་གནས་པར་འགྱུར་རོ།། དེ་ཅི་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་མ་རྟོགས་པས། འདོད་པ
285a4 དང་ལོངས་སྤྱོད་ལ་ཆགས་པའི་དབང་གིས་རང་ལ་ཕན་པར་འདོད་ནས་བསད་པ་དང་། ཕྲོག་པ་དང་། བཟའ་བ་དང་། སྤྱད་པ་དང་། ཅི་བདེར་འཚལ་བ་དང་། དགེ་སྡིག་གི་འབྲས་བུ་འགྲུབ་པ་མེད་པར་ཟག་བཅད
285a5 པས། རྩོལ་བའི་དོན་གང་བྱེད་པ་ལ་ཁོ་ཐག་ཆད་པའི་དབང་གིས་གནས་དེར་ཤིན་ཏུ་སྡུག་བསྔལ་ཞིང་སྙིང་རྗེའོ།། དེ་ལ་ཉམས་པའི་དམྱལ་བ་གང་ཞེ་ན། ལུས་སྐེད་པ་མན་ཆད་ལྕགས་ཀྱི་སྡིག་པ་ཆེན་པོའི་ཁར
285a6 བཅུག་ནས། ཤིན་ཏུ་ཉོན་མོངས་པའི་ཟུག་གཟེར་ཆེ་བ་རྣམ་པ་སྣ་ཚོགས་པས་གང་བ་དང་། སྟོད་ནས་ཁྲོ་ཆུ་ཁོལ་མས་ཐལ་མར་གྱུར་པའི་བར་དུ་བླུགས་ཤིང་། ཤིན་ཏུ་སྡུག་བསྔལ་ཞིང་སྨྲེ་སྔགས་ཉིན་མཚན་རེ་ལ




iiif viewer powered by OpenSeadragon

284b - 285b

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po