| | e-texts navigator
|
284b1 གནས་ནས་དབྱུང་བ་དང་། བཟའ་ཞིང་བཅའ་བ་ལ་སོགས་པས། རྒྱུ་གཏོར་མ་ནི་སྡིག་པ་མི་དགེ་བ་རུ་སྤྱོད།། འབྲས་བུ་སངས་རྒྱས་ནི་དམྱལ་ཁམས་བཅོ་བརྒྱད་དུ་གོལ་བ་འདི་ལྟ་སྟེ། རྡོ་རྗེའི་དམྱལ་བ་དང་། ཆད
284b2 པའི་དམྱལ་བ་དང་། ཉམས་པའི་དམྱལ་བ་དང་། སྐུར་བའི་དམྱལ་བ་དང་། སྤངས་པའི་དམྱལ་བ་དང་། འགྱོད་པའི་དམྱལ་བ་དང་། མ་རིག་པའི་དམྱལ་བ་དང་། ཉོན་མོངས་པའི་དམྱལ་བ་དང་། ལོག་པའི་དམྱལ
284b3 བ་དང་། གཟུང་བ་དང་འཛིན་པའི་དམྱལ་བ་དང་། དོག་པའི་དམྱལ་བ་དང་། ཕྲ་བའི་དམྱལ་བ་དང་། རྨོངས་པའི་དམྱལ་བ་དང་། འཆལ་པའི་དམྱལ་བ་དང་། སྤྱོད་པའི་དམྱལ་བ་དང་། དེད་པའི་དམྱལ་བ་དང་།
284b4 འབྲོས་པའི་དམྱལ་བ་དང་། རྟག་པའི་དམྱལ་བའོ།། དེ་ལ་རྡོ་རྗེའི་དམྱལ་བ་གང་ཞེ་ན། གཏོར་མའི་དོན་མ་གོ་བས། འོག་རྡོ་རྗེའི་གཏན་ས་ལ། སྟེང་རྡོ་རྗེའི་ཐོ་བས་ཡུད་ཙམ་ཡང་མི་འགྱངས་པར་བརྡུང་ཞིང་། ཨ་ཚ
284b5 དང་ཨ་ནའི་སྒྲེང་ཡང་སྐད་འགའ་ཙམ་ཡང་མི་ཐོན་པ་ཤ་སྟག་མྱོང་བར་གནས་ཏེ། ཚེའི་ཚད་ཀྱང་མེད་དེ། ལྕགས་ཀྱི་རི་རབ་ཆེན་པོ་བརྒྱད་ཞིག་ལ། བྱ་རེག་འཇམ་གྱི་པགས་པས་རེག་ནས་ནམ་རི་རབ་བརྒྱད་པོ་ཟད
284b6 པ་དང་ཐར་པར་འགྱུར་ཞེས་སྨོས་ན།། དེ་ནི་ཐོན་ཅིང་ཐར་པར་མི་འགྱུར་བའི་ཐ་ཚིག་གོ། དེ་ཅི་ལས་བྱུང་ཞེ་ན། རྩ་བའི་གཏོར་མའི་དོན་མ་རྟོགས་པས། ལུས་དང་འདོད་པ་དང་གྱེན་དུ་ཆགས་པས་རྡོ་རྗེ་སློབ་དཔོན
iiif viewer powered by OpenSeadragon
284a - 285a