e-texts navigator
Collection
Volume
Page
Wylie

279b1 རུས་ལ་ཟད་པ་མེད་པ་རི་རབ་ཙམ་ཞིག་ཡོད་དོ།། གཏི་མུག་ཤ་ལ་ཟད་པ་མེད་པ་རི་རབ་སྤུངས་པ་ཙམ་ཞིག་ཡོད་དོ།། ཉོན་མོངས་པ་སྲོག་དང་རྩ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་ལ་ཟད་པ་མེད་པ་རླུང་ཙམ་ཞིག
279b2 ཡོད་དེ། འདི་དག་རང་གིས་རང་སྒྲོལ་ཤེས་པ། རང་གིས་རང་བསྒྲལ་ནས་དུས་གསུམ་དུ་འཕགས་པའི་ཚོགས་ལ་ཡང་མཆོད་པ་འབུལ་ཞིང་ཐུགས་དམ་བསྐང་། མ་མོ་དང་མཁའ་འགྲོ་ཇི་སྙེད་ཡོད་པ་ལ་ཡང་མཆོད
279b3 པ་དང་། འགྲོ་བ་ཡོངས་ལ་ཡང་བསྔོ་བར་བཟོད་པ་ནི་ཡང་དག་པའི་སངས་རྒྱས་སུ་འགྲོ་ཞེས་བཀའ་སྩལ་པ་ལས། སླར་རྡོ་རྗེ་སེམས་དཔའ་རྒྱལ་བ་ལངས་པ་ལས། ཕྱག་གཡས་པས་འཇམ་དཔལ་ཀ་ཏ་རའི
279b4 ཤིང་ཐོགས་ནས། ཉིད་ཀྱིས་ཉིད་བསྒྲལ་ཏེ། ཁོག་པ་ཁ་ཤག་གིས་ཕྱེས་ནས། བྷྲཱུཾ་ཁ་ཏ་ལི་བི་ཧཱུཾ་ཞེས་བརྗོད་པས། ཁོག་པ་གཏོར་མའི་གཞལ་ཡས་ཁང་དུ་བསྒྱུར་ནས། ཀུན་ཏུ་བཟང་པོ་མ་སྐྱེས་ཀློང་དུ་དེར་སལ་གྱིས
279b5 གྱུར་ཏོ།། མ་ཧཱ་ཙིཏྟ་ཛྭ་རཾ་ཧཱུཾ་ཞེས་བརྗོད་པས། ཙིཏྟ་ཟུར་གསུམ་པ་གཏོར་སྣོད་ཀྱི་ནང་དུ་བཅུག་ནས་ཡེ་ཤེས་དཔལ་ཆེན་པོར་དེར་སངས་རྒྱས་སོ།། བཛྲ་ཤཀྟི་བྷནྡ་ཧཱུཾ་ཕཊ། ཞེས་བརྗོད་པས། ཉིད་ཀྱི་བྷནྡ་དུམ་ཐ
279b6 གསུམ་དུ་བཅད་ནས་བྷནྡ་སྣོད་གསུམ་གྱིས་ཙིཏྟའི་མཐའ་བསྐོར་བས། ཆོས་ཀྱི་སྐུ་སྐྱེ་བ་མེད་པར་ལྷག་གིས་གྱུར་ཏོ།། དེ་ནས་པ་སུ་ཏའི་རྒྱུ་ཕྲེང་གི་མཐའ་བསྐོར་བས་ཐམས་ཅད་དུ་ཐིག་ལེ་ཆེན་པོའི་ངང་དུ་ལྷུན་གྱིས




iiif viewer powered by OpenSeadragon

279a - 280a

Texts on this page

Gpb011.012 - thugs rje chen po'i gtor ma dang/ sha khrag rus pa'i gtor rgyud chen po