| | e-texts navigator
|
278a1 བརྗོད་པས། ཕྱི་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གནས་སུ་དག་པར་དམིགས་ལ། ནང་ལྟར་བུདྡྷ་བཞི་བཅུ་རྩ་གཉིས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་དུ
278a2 དམིགས་ལ། གསང་བ་ལྟར་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པར་དམིགས་ལ། གཏོར་མ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའོ།། དེ་ནས་གཏོར་མ་ཉུང་ངུ་མང་པོར་བྱིན་དབབ་པ་དང་། ཆུང
278a3 དུ་ཆེན་པོར་བྱ་བའི་སྔགས་དང་ཕྱག་རྒྱ་ནི། ལག་པ་རིན་པོ་ཆེའི་སྣོད་དུ་བྱས་ལ། ཨོཾ་ཨ་བྷི་སྥ་ར་ཎ་ཧི་མཾ་གྷ་གྷ་ན་ཁཾ། ཞེས་བརྗོད་པས། ཆེ་བ་རི་རབ་མང་བ་རྒྱ་མཚོ་ཙམ་དུ་བྱིན་གྱིས་བརླབས་སོ།། དེ་ནས་གཏོར་མ
278a4 མང་ཞིང་ཆེ་བར་བདུད་རྩིར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ནི། ལག་པ་དེ་ཉིད་ལས་ཆུ་རྒྱུན་གྱི་ཚུལ་དུ་བྱས་ལ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཞེས་བརྗོད་པས། བཏུང་བས་མི་འཆི་བ། ཟོས་པས་མི་ལྡོག་པ།
278a5 བས་སངས་རྒྱས་པར་བྱིན་གྱིས་བརླབས་སོ།། དེ་ནས་གཏོར་མ་བདུད་རྩི་ཅི་ལྟར་འདོད་པར་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་ནི། ལག་པ་དེ་ཉིད་ལས་རིན་པོ་ཆེ་འབར་བ་ལྟར་བྱས་ལ།། ཨོཾ་སཾ་བྷ་ར
278a6 ཧ་ར་ཧ་ན་ཡ་ཏེ་ཡེ་ན་སྭཱ་ཧཱ། ཞེས་བརྗོད་པས།། བདུད་རྩི་སོ་སོའི་ཡིད་ལ་འཐད་པར་བྱིན་གྱིས་བརླབས་སོ།། དེ་ནས་གཏོར་མ་ཡིད་ལ་འདོད་པ་དེ་སོ་སོར་ཁྱབ་པར་དབང་བསྐུར་བའི་སྔགས་དང་ཕྱག་རྒྱ་ནི། ལག་པ
iiif viewer powered by OpenSeadragon
277b - 278b