| | e-texts navigator
|
277b1 བརླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ།། ལག་པ་དེ་ཉིད་ཐལ་མོ་སྦྱར་ལ། ཨོཾ་སྟ་མ་ལ་སུ་ཡེ་སྭཱ་ཧཱ། ཕྱི་ལྟར་འབྲུ་དང་མེ་ཏོག་གིས་གང་ཞིང་རྒྱས་པར་དམིགས་ལ། ནང་ལྟར་དེས་གང་ཁྱབ་པར་འབྲུ་དང་མེ
277b2 ཏོག་ལ་སོགས་པ་ཐོགས་པའི་ལྷ་མོས་གང་ཞིང་ཁྱབ་པར་དམིགས་ལ། གསང་བ་ལྟར་སྡུག་ཅིང་མཛེས་པའི་ལྷ་མོ་རྣམས་ཕོ་ལ་ཐིམ། ཕོ་རྣམས་མོ་ལ་ཐིམ་པ་གོང་མ་བཞིན་དམིགས་པ་ནི། འབྲུ་དང་མེ་ཏོག་བྱིན་གྱིས
277b3 བརླབས་པའོ།། དེ་ནས་བཏུང་བ་རྣམ་པ་སྣ་ཚོགས་པ་བྱིན་གྱིས་རླབས་པའི་སྔགས་དང་ཕྱག་རྒྱ་འདི་གསུངས་སོ།། ཐལ་མོ་དེ་ཉིད་ལས། གུང་མོ་ཕྱིར་བསྒྲེང་བ་གཅུ་ཐབས་བྱས་ལ། ཨོཾ་ཨཱ་ཧཱ་ར་ཎ་སྥ་ར་ཎ་ཨ་མྲྀ་ཏ་གྷ
277b4 ཡཱ་སྭཱ་ཧཱ། ཞེས་བརྗོད་པས། ཕྱི་ལྟར་བདུད་རྩིའི་ཆུ་རྒྱུན་རྒྱ་མཚོ་དང་ཆུ་བོར་དམིགས་ལ། ནང་ལྟར་དྲིའི་ལྷ་མོ་བསམ་གྱིས་མི་ཁྱབ་པར་དམིགས་ལ་སྐུད་པ་དང་འབྱུག་པར་དམིགས་ལ། གསང་བ་ལྟར་ལྷ་རྣམས
277b5 གཉིས་སུ་མེད་པ་ལྷག་པའི་བྱང་ཆུབ་སེམས་དགྱེས་པའི་རོས་བསྟར་བ་དམིགས་ལ། བཏུང་བ་རྣམས་བྱིན་གྱིས་བརླབས་སོ།། དེ་ནས་གཏོར་མ་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་འདི་གསུངས་སོ།། ལུས
277b6 ངག་ཡིད་གསུམ་པའི་ཕྱག་རྒྱ་འདི་བཅས་ལ། ཨཀྵ། ཐ་ཋ་ཏ་ཊ་ད་ཌ་དྷ་ཌྷ་ན་ཎ། ཀ་ཁ་ག་གྷ། པ་ཕ་བ་བྷ། ཙ་ཚ་ཛ་ཛྷ། འ་ཡ་ར་ལ། ང་ཉ་མ་ཨོ། ཤ་ཥ་ས་ཧ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱི། གཞན་ཡང་རྩ་བའི་སྙིང་པོ
iiif viewer powered by OpenSeadragon
277a - 278a