e-texts navigator
Collection
Volume
Page
Wylie

262b1 སོ་སོས་ཅི་འདུལ་མཁྱེན།། སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་སེལ།། ཤངས་ལྔ་ནས་བྱུང་རིགས་ལྔའི་སྤྲུལ་པ་འཕྲོ།། རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ་དབུ་ལྔ།། དུག་ལྔ་ཞལ་དུ་ཤར་ཏེ་རྔུབ་མཛད་ཅིང་།།
262b2 ལྗགས་ལྔ་ཐེ་ཚོམ་གཅོད་ཅིང་ཐེག་ལྔ་འཆད།། སྐྱེ་བཞི་ལས་བཞིས་སྒྲོལ་མཛད་གཤོག་གཞི་སྐྱོད།། བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན།། ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་ཁྲོ་བརྒྱད
262b3 གནོན།། རིགས་བཞི་སྣོད་བཅུད་ཉི་ཟླའི་འོད་དང་རྫིས།། ཕྱོགས་བཞི་རྩལ་དྲུག་དབང་ཕྱུག་ཡང་ཆེ་གནོན།། ཆེ་བའི་ཆེ་བ་ཡང་ཆེ་བླ་ན་མེད།། བཅུ་དྲུག་ཞག་གིས་ཟླ་དཀྱིལ་རྫོགས་པ་ལྟར།། ཚོགས་གཉིས་རྫོགས
262b4 པ་བཅུ་དྲུག་ས་ལ་བཞུགས།། ཕྱོགས་བཞི་དབུས་ལྔར་འབར་ལྟར་རིགས་ལྔའི་དབུ།། མཁྱེན་པའི་ཡེ་ཤེས་ཐུགས་རྗེས་སོ་སོར་གཟིགས།། དབང་ཆེན་ཡོངས་སུ་འདུལ་བའི་དཀྱིལ་འཁོར་དང་།། ཚོགས་ཆེན་གཉིས
262b5 རྫོགས་ཐུགས་རྗེས་ལྷུན་གྲུབ་པ།། དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་རྒྱལ་སྐུ།། ཐུགས་རྗེས་འདམ་སྐྱེས་སྤྱོད་པས་སྐྱོན་མ་གོས།། མཐའ་གཉིས་དབང་མཛད་པདྨ་ཧེ་རུ་ཀ། རྔམས་པའི་ཚུལ་གྱིས་སྲིན་མོའི
262b6 གཟུགས་འཛིན་ཅིང་།། ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ།། སྲིད་པ་སེམས་ཅན་སྙིང་ཁྲག་དྲོན་མོར་གསོལ།། དབང་དྲག་ལས་མཛད་མ་ནུ་རཀྵ་སཱི།། སྡུག་བསྔལ་མྱ་ངན་འདས་སྟོན་ཚངས་མའི




iiif viewer powered by OpenSeadragon

262a - 263a

Texts on this page

Gpb011.011 - khro bo lha rgyud kyi rtog pa chen po