| | e-texts navigator
|
262a1 ཕྱིར་ཕྲ་མེན་གསོད་བྱེད་ན་ཀུ་ལ།། འཇུག་པར་རང་དབང་མེད་པས་གཉིད་གྱུར་པས།། མཉམ་དང་མི་མཐུན་ལོག་བལྟ་མྱོས་པ་སྟེ།། བསྟན་པའི་ཆོས་བསྒྲགས་ལོག་བལྟ་མོས་པ་ཡིས།། ཐབས་ཀྱིས
262a2 སོས་བྱེད་ཕྲ་མེན་མཱུ་ཥི་ཀ། གསུམ་འདུས་གཅོད་པ་རེག་པར་གྱུར་པ་ནི།། ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་།། ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་འབྲོས།། དེ་ཕྱིར་ཕྲ་མེན་འབྲོས་བྱེད་ཀ་སི་ཀ། འཁོར་བའི་རྡོ
262a3 རྗེ་བརྗོད་པས་མྱ་ངན་འདས།། ཆོས་སྐུ་རྡོ་རྗེས་གཅོད་པས་མཐའ་གཉིས་སྤངས།། བརྗོད་མེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ།། དེ་ཕྱིར་བརྗོད་མེད་བཛྲ་ལཀྵི་ཎཱི།། ཆོས་ཉིད་རྡོ་རྗེ་མཚན་མའི་དངོས་པོ་བཤིག། ཡེ
262a4 ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེག། ཕྱག་མཚན་རྡོ་རྗེས་གནས་པའི་ལྷ་བདུད་བཅོམ།། དེ་ཕྱིར་འཇོམས་བྱེད་བཛྲ་བྷི་ཏ་པ།། འཆི་མེད་བདུད་རྩིས་ཡུལ་སེམས་སྐྱེ་འགག་མེད།། གྲུབ་པའི་བདུད་རྩིས་བསམ
262a5 པའི་འབྲས་བུ་ཐོབ།། ཐུགས་རྗེས་འགྲོ་བས་བདུད་རྩི་བླ་མེད་འགྲུབ།། དེ་ཕྱིར་རྩི་མཆོག་ཡེ་ཤེས་བཛྲ་ཨ་མྲྀ་ཏ།། ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་འགྲུབ།། ཐུགས་རྗེས་འཕྲོག་བྱེད་སྲིད་པ་དབང་དུ་སྡུད།། ཡེ
262a6 ཤེས་ཐུགས་རྗེས་གཉིས་མེད་དབྱིངས་སུ་ནུབ།། དེ་ཕྱིར་རླག་བྱེད་བཛྲ་མཱ་ར་ཎཱི།། ང་ནི་པདྨ་དབང་ཆེན་དང་།། དབང་ཕྱུག་མའི་ལྷ་རྒྱུད་བརྗོད་པར་བྱའོ།། བཅོ་ལྔའི་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བཅུ།། ཡེ་ཤེས་ལྔ་པོ
iiif viewer powered by OpenSeadragon
261b - 262b