e-texts navigator
Collection
Volume
Page
Wylie

260b1 དབང་གིས་རྣམ་དག་དབྱིངས་ནས་བསྐུལ།། ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན།། མཉེས་བྱེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབས།། མ་ཧཱ་བ་ལ་མཉེས་མཛད་ཙུན་དཱ་མ།། བསྐྱོད་པའི་ཡེ་ཤེས
260b2 ས་རྣམས་དུས་གཅིག་གཅོད།། ཐུགས་རྗེའི་ཤུགས་ཀྱིས་འགྲོ་རྣམས་གནས་ནས་སྤོར།། ཐབས་དང་ཤེས་རབ་བསྐྱོད་པས་མཐའ་གཉིས་སྤངས།། དཱི་བ་ཡ་ཏིས་ཁམས་གསུམ་ཧཱུཾ་མཛད་མཉེས།། ཁམས་གསུམ་ཐུགས
260b3 རྗེའི་མི་བཟོད་ཕྲིན་ལས་ཀྱི།། ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟུལ།། གདོད་ནས་དོན་མཛད་འཁོར་བ་མཐར་གཏུགས་སྒྲོལ།། དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱ་གྲྀ་མ། སྡང་མིག་ཐུགས་རྗེས་མི་འགྱུར
260b4 ཞེ་ལ་གནོན།། མཐུ་རྩལ་རྔམ་བརྗིད་འགྱུར་མེད་བདུད་དཔུང་བཟློག། ཚམ་རྔམས་རལ་གསིག་གདངས་ངར་འཇིག་རྟེན་འགེངས།། དེ་ཕྱིར་ཕྲ་མེན་འགྱུར་མེད་ཙ་མ་ར།། རྟོག་པའི་སྒྲ་སྤངས་དྲན་པའི་དགོན་པར
260b5 གནས།། འཁྲུལ་སྐྱོན་དྲི་མ་ཤེས་བཞིན་རྫིས་ཚོར་སྤངས།། འགྲོ་དོན་དུས་ལ་བབ་ལ་ཐུགས་རྗེ་འཇུག། དེ་ཕྱིར་འཇུག་པར་བྱེད་པའི་ཧ་རི་ཎ།། ཆོས་དབྱིངས་གནས་ལ་རྟོག་པའི་སྐྱོན་སེལ་ཞིང་།། ཐུགས་རྗེས་སྤྲུལ
260b6 པས་སྐུ་རིས་བསམ་མི་ཁྱབ།། དུག་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོ་ལ།། སེལ་བྱེད་སྤྲུལ་པས་དོན་མཛད་བྱ་གྷྲྀ་མ།། ཡང་བག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན།། མི་འདུལ་ཟིན་ཐུབ་བཏང་སྙོམས




iiif viewer powered by OpenSeadragon

260a - 261a

Texts on this page

Gpb011.011 - khro bo lha rgyud kyi rtog pa chen po