| | e-texts navigator
|
259a1 ཁྱབ།། ས་དགུ་ཐུགས་རྗེས་དོན་མཛད་དབུ་དགུར་ལྡན།། བརྗིད་གནོན་ཞབས་བརྒྱད་ཕྱོགས་བརྒྱད་ལྔ་བརྒྱད་གནོན།། ཇི་ལྟར་རོལ་ཀྱང་སྤྱན་དགུ་དབྱིངས་མི་གཡོ།། འདུལ་བའི་དབང་དུ་བསྐལ་པའི
259a2 ཚུལ་སྟོན་ཅིང་།། རྡོ་རྗེ་སྲིན་པོས་ཅི་འདུལ་ཡིད་བཞིན་རྫོགས།། རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང་།། སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས།། རལ་གསིག་སྤྲུགས་པས་འགྲོ་དོན་རྩེ་ཞིང
259a3 རོལ།། བཅོ་བརྒྱད་སྟོང་པས་མཉེས་མཛད་ཛ་ཊཱི་མ།། བརྗིད་པའི་སྟོབས་ཀྱིས་ཀླུ་རྣམས་ཟིལ་གྱིས་གནོན།། ཕྲ་མའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ།། འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན།། ཆོས་ལ
259a4 དབང་མཛད་ཧ་ཡ་གྲི་བའི་དཔལ།། འཛིན་ཚུལ་སྟོབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་།། ལོག་པའི་ཉེས་སྤངས་ཡང་དག་དོན་དང་ལྡན།། ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་ཀང་བས་ཆེ།། སྐྱེ་ལ་དབང་མཛད་བྲན་ཚུལ
259a5 མི་གཡོ་མགོན།། ཤུགས་འཆང་སྟོབས་ཀྱིས་རླུང་ལྷ་གཟིར་གནོན་ཅིང་།། འཁྱལ་བའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ།། གཉེན་པོའི་སྨོན་ལམ་མཐར་ཕྱིན་བདུད་འདུ་ལ་ཐུགས་རྗེའི་རྩི།། ལས་ལ་དབང་མཛད
259a6 བདུད་རྩི་ཀུཎྜ་ལི།། གནོན་པའི་སྟོབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང་།། གནོད་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ།། གཉེན་པོའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང་།། རྫུ་འཕྲུལ་དབང་མཛད་འཇིགས
iiif viewer powered by OpenSeadragon
258b - 259b