| | e-texts navigator
|
143a1 མ་སྨྲས་ན་ནི་མི་འཚོའམ་ཅི།། དེ་བཞིན་སྤྱོད་དང་ལྡན་པ་དང་། སྒྲུབ་དང་རྟོག་དཔྱོད་བྱེད་པ་རྣམས།། དོན་ལ་ངེས་བློ་མ་རྙེད་པར།། མ་སྤྱད་ན་ནི་ཅི་ཞིག་ཉེས།། ཅི་ཕྱིར་གསང་སྔགས་རྒྱ་མཚོ་འདི།།
143a2 དཔེར་ན་གང་གི་སྦྲིད་བསངས་བཞིན།། དམ་པའི་བཀའ་ཚིག་རེ་རེ་ལའང་།། དོན་ནི་ཐ་དད་དུ་མར་འབྱུང་།། དེས་ན་གསང་སྔགས་དམ་པའི་དོན།། མ་རྟོག་བཞིན་དུ་གང་སྨྲ་བ།། གང་གིས་མཚམས་མེད་ལྔ
143a3 བྱས་པས།། ལོག་སྒྲའི་སྡིག་དེ་དེ་བས་ལྕི།། གསང་བ་ཉིད་ལ་གོལ་བ་ཡི།། གསང་བར་སྨྲ་བའི་ལོག་སྲེད་ཅན།། གསང་སྔགས་ཆོ་གས་ཟིན་གྱུར་ན།། གང་གིས་འཚོ་བ་སྲོག་བཅད་ཀྱང་།། དེ་ནི་ཉེས་པས་མི་འགྱུར
143a4 ཞེས། ལོག་པར་ཁ་ལོ་སྒྱུར་བར་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ།། བྲམ་ཟེ་འཚོ་བའི་ལོག་སྲེད་ཅན། ལོག་སྒྲ་རྒྱུ་སྤྱོད་དབང་སྦྱར་བའོ།། གང་འདིར་འོག་པར་སྤྱོད་རྒྱས་པས། ཀུན
143a5 ཀྱང་ལོག་པ་ཉིད་ལ་འཇུག། དེ་ལ་གསང་བ་སྒྲ་མཚོན་ནས།། གསང་སྔགས་དེ་ལ་མངོན་སྤྱོད་འབྱུང་།། དེ་ཡང་ཇི་ལྟ་བུ་ཞེ་ན། འདས་པའི་དུས་ན་སྔོན་བྱུང་བ།། གང་དུ་གཞན་འབྱུང་ལོག་སྲེད་ཅན།། དེ་མིན་འདྲ
143a6 གཞན་སྤྱོད་པའོ།། གང་དུ་འདི་ལྟར་ལོག་པའི་ཆོས།། གསང་སྔགས་དམ་པའི་ཚིག་དང་སྒྲ།། གཅིག་ལ་མི་གཅིག་སོ་སོ་ལ།། རྨོངས་པའི་མུན་པར་གང་སྤྱོད་པ།། སྔགས་པ་བདུད་ཀྱི་ལས་བྱེད་དེ།། ཤི་ནས་དམྱལ་བ
iiif viewer powered by OpenSeadragon
142b - 143b